巴次-奇妙世间歌曲免费下载

《巴次-奇妙世间》歌曲详情

编曲 : 巴次/极地音符发布

འཇིག་རྟེན་མི་འདི་མཚར་པོ་རེད།

ཚིག་རྩོམ་མཁན། རྫ་ཁུ་བྱུག

དབྱངས་རྩོམ་མཁན། བློ་གསལ།

གཞས་གཏོང་མཁན། པ་ཚེ།

ཡིག་བསྒྱུར། མཐོ་སྒང་གི་དབྱངས་རྟ།

བརྩེ་དུང་རྟག་བརྟན་མི་འདུག་ཟེར་ཞོར།

བརྩེ་དུང་ནང་དུ་འཁོར་བཞིན་ཡོད།

འཁོར་བར་སྙིང་པོ་མི་འདུག་ལབ་ཞོར།

འཁོར་བ་བཟུང་ནས་རྒྱུག་བཞིན་ཡོད།

འཇིག་རྟེན་མི་འདི་ངོ་མ་མཚར་པོ་རེད།

རྒྱུ་ནོར་མི་དགོས་མི་མཁོ་ཟེར་ཞོར།

རྒྱུ་ནོར་མི་རེད་རྒྱུག་བཞིན་ཡོད།

གོ་གནས་མེད་ཀྱང་མི་སྐྱོན་ལབ་ཞོར།

གོ་གནས་མི་ཐོབ་དཀའ་བཞིན་ཡོད།

འཇིག་རྟེན་མི་འདི་ངོ་མ་མཚར་པོ་རེད།

ཁ་པར་དགེ་མཚན་མེད་རབས་བཤད་ཞོར།

ཁ་པར་ལག་དང་འབྲལ་གི་མེད།

དུས་ཚོད་དམ་འཛིན་དགོས་རབས་ལབ་ཞོར།

དོན་མེད་དུས་ཚོད་བརླག་བཞིན་ཡོད།

འཇིག་རྟེན་མི་འདི་ངོ་མ་མཚར་པོ་རེད།

下载地址:

此为隐藏内容,需人机验证后查看下载!