编曲 : 巴次
བྱམས་པ།
ཚིག། རྫ་ཁུ་བྱུག
དབྱངས། ངག་དབང་བཀྲ་ཤིས།
གཞས་གཏོང་མཁན། པ་ཚེ།
ཡིག་བསྒྱུར། མཐོ་སྒང་གི་དབྱངས་རྟ།
བྱམས་པ། ང་ཡི་བྱམས་པ།
གངས་རི་དཀར་པོའི་འདབས་ན་ཡོད།
རྩྭ་ཐང་ཡངས་པོའི་སྟེང་ན་ཡོད། །
མཐིང་སྨུག་སྦྲ་ཡི་ནང་ན་ཡོད། །
ལྷས་ར་གྲུ་བཞིའི་དཀྱིལ་ན་ཡོད། །
བྱམས་པ། ང་ཡི་བྱམས་པ།
ནམ་ཡང་སེམས་ནས་བརྗེད་ཀི་མེད།
གླུ་གཞས་ཁྱབ་སྤེལ། མཐོ་སྒང་གི་དབྱངས་རྟ་ལས་སྒྲུབ་ཁང་།
བྱམས་པ། ང་ཡི་བྱམས་པ།
གཙང་ཆུ་སྔོན་མོའི་འགྲམ་ན་ཡོད།
མེ་ཏོག་ལུང་པའི་ནང་ན་ཡོད། །
གཡང་དཀར་ལུག་ཁྱུའི་རྗེས་ན་ཡོད། །
འབྲོག་སྡེ་སྨུག་པོའི་ནང་ན་ཡོད། །
བྱམས་པ། ང་ཡི་བྱམས་པ།
ནམ་ཡང་སེམས་ནས་དྲན་གི་ཡོད།
བྱམས་པ། ང་ཡི་བྱམས་པ།
དབྱར་གསུམ་མེ་ཏོག་ཐང་ན་ཡོད། །
དགུན་གསུམ་ཁ་བའི་ཁྲོད་ན་ཡོད། །
ཆོས་ལྡན་བོད་ཀྱི་ཞིང་ན་ཡོད། །
ཡ་ཆུང་སེམས་ཀྱི་དཀྱིལ་ན་ཡོད། །
བྱམས་པ། ང་ཡི་བྱམས་པ།
ནམ་ཡང་སེམས་ལ་བཟུང་ནས་ཡོད།
བྱམས་པ། ང་ཡི་བྱམས་པ།
ནམ་ཡང་སེམས་ལ་བཟུང་ནས་ཡོད།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |