巴次-意中人歌曲免费下载

《巴次-意中人》歌曲详情

编曲 : 巴次/极地音符发布

སེམས་ཀྱི་མི།

ཚིག། སྙུག་ལྕེ།

གདངས། རྭ་སྒྲེང་སྐལ་བཟང་།

ལེན་མཁན། པ་ཚེ།

ཡིག་བསྒྱུར། མཐོ་སྒང་གི་དབྱངས་རྟ།

ཆུང་ཆུང་བྱི་པའི་དུས་ཀྱི། །

ན་ཆུང་རྩེད་གྲོགས་མིན་ཡང་། །

གཞིས་ཁྱིམ་གཅིག་ལ་འཚོ་བའི། །

ལུས་ཀྱི་སྐྱ་ཡ་ཁྱེད་ཡིན། །

རྫ་སྤང་འདྲེས་མའི་འདབས་ཀྱི། །

ཆུང་འདྲིས་རྫི་རོགས་མིན་ཡང་། །

མ་འོངས་མི་ཚེའི་ནང་གི། །

འཚོ་བའི་གཤོག་ཡ་ཁྱེད་ཡིན། །

སློབ་གླིང་གཅིག་ཏུ་འགྲིམ་པའི། །

དབྱངས་གསལ་ཀློག་རོགས་མིན་ཡང་། །

སྐད་ཡིག་གཅིག་ལ་རེ་བའི། །

སྙིང་གི་ཚེ་ཡ་ཁྱེད་ཡིན། །

སྡེ་ཆེན་རྒྱ་གྲོང་གཅིག་ནས། །

མཉམ་དུ་འཚར་བ་མིན་ཡང་། །

འཛམ་གླིང་གཅིག་ལ་ལྟ་བའི། །

མིག་གི་ཆ་ཡ་ཁྱེད་ཡིན། །

དཀར་ངོགས་འཇིག་རྟེན་འདི་ནས། །

བརྩེ་སེམས་འོ་ཆུ་འདྲེས་ཏེ། །

སྐྱིད་སྡུག་གཅིག་ལ་བཅོལ་བའི། །

ལས་ཀྱི་བསྐོས་པ་ཁྱེད་ཡིན། །

སྐྱིད་སྡུག་གཅིག་ལ་བཅོལ་བའི། །

ལས་ཀྱི་བསྐོས་པ་ཁྱེད་ཡིན། །

下载地址:

此为隐藏内容,需人机验证后查看下载!