巴次-真诚的祈愿歌曲免费下载

《巴次-真诚的祈愿》歌曲详情

作词 : 琼布巴杰

作曲 : 赤列伟塞

ལྷད་མེད་ཀྱི་རེ་སྨོན་དཀར་པོ།

གཞས་ཚིག ཁྱུང་པོ་དཔལ་རྒྱལ།

གཞས་གདྭངས། འཕྲིན་ལས་འོད་ཟེར།

གཞས་པ། པ་ཚེ།

དུས་ད་ལྟ་འབབ་པའི་ཁ་བ་འདི།

གངས་རི་བོ་ཞིག་ལ་འགྱུར་བར་ཤོག

གངས་འདི་ལ་སེང་གེ་འཁོར་བ་ཤོག

སེང་འདི་གཡུ་རྭལ་རྒྱས་པར་ཤོག

བླ་མ་ལགས།་་་བླ་མ་ལགས།

གངས་འདི་ལ་སེང་གེ་འཁོར་བ་ཤོག

གངས་དཀར་པོས་བསྐོར་བའི་ཕ་ཡུལ་འདི།

ཞི་བདེ་ཡི་མཚོ་མོ་འཁྱིལ་བའི་ནང་།

ཤེས་རིགས་ཀྱི་ནོར་བུ་འཕེལ་བ་ཤོག

དགའ་སྐྱིད་ཀྱི་དགོད་སྒྲ་གྲགས་པར་ཤོག

ཕ་ཡུལ་ལགས།་་་ཕ་ཡུལ་ལགས།

དགའ་སྐྱིད་ཀྱི་དགོད་སྒྲ་གྲགས་པར་ཤོག

ལག་ཕྲེང་བ་བགྲངས་བའི་ཨ་མ་འདི།

ཚེ་ཕྲེང་བའི་གྲངས་དང་མཉམ་པར་ཤོག

མ་ཡ་རབས་དེ་ཡི་སྨོན་ལམ་དང་།

སེམས་བསམ་དོན་ལྷུན་གྱི་འགྲུབ་པ་ཤོག

ཕ་མ་ལགས།་་་ཕ་མ་ལགས།

ཚེ་ཕྲེང་བའི་གྲངས་དང་མཉམ་པར་ཤོག

ལག་སྨྱུ་གུ་བཟུང་བའི་སློབ་མ་ཚོས།

ཤེས་རིགས་གནས་ཡོན་གཏན་ཤེས་པར་ཤོག

དུས་མ་འོངས་མདུན་ལམ་གསར་པའི་ནང་།

ལས་བྱས་རྗེས་སྣ་ཚོགས་འཇོག་པར་ཤོག

སློམ་མ་ཚོ་་་སློབ་མ་ཚོ།

ཤེས་རིགས་གནས་ཡོན་གཏན་ཤེས་པར་ཤོག

སློམ་མ་ཚོ་་་སློབ་མ་ཚོ།

ཤེས་རིགས་གནས་ཡོན་གཏན་ཤེས་པར་ཤོག

དྲྭ་ཐོག་སྒྲིག་བཟོ། མཐོ་སྒང་གི་དབྱངས་རྟ།

下载地址:

此为隐藏内容,需人机验证后查看下载!