源头音符-再会吧心上人歌曲免费下载

《源头音符-再会吧心上人》歌曲详情

编曲 : 源头音符

源头音符推广宣传

ཕུན་ཚོགས་སྒྲོལ་དཀར།

ཚིག་དང་དབྱངས། ཀུན་དགའ་བསྟན་འཛིན།

ལེན་མཁན། ཀུན་དགའ་བསྟན་འཛིན།

ཁྱེད་དང་བྲལ་ནས་ལོ་མིང་ཕྱིན་སོང་།

རྟགས་དུ་ཁྱེད་ཀྱི་རྣམ་འགྱུར་སེམས་ནས་དྲན།

བགྲོད་པར་དཀའ་བའི་མི་ཚེའི་འགྲོ་ལམ་ནང་།

སྐུ་གཟུགས་ཐུགས་ཅ་གནང་དང་སྙིང་སྡུག་ལགས།

ངའི་བརྩེ་བའི་ཕུན་ཚོགས་སྒྲོལ་དཀར།

རྟགས་དུ་ངེད་གཉིས་ཁ་པར་ནང་ནས།

ཁྱེད་རང་སྐྱོ་བའི་སུན་སྣང་སྟོན་་པའི་ཚེ།

དམར་ཆུང་སྙིང་ལ་ན་ཟུག་ཚད་མེད་བཏང་།

ཁྲ་ཆུང་མིག་ལ་མཆི་མ་སླར་ཡང་འཁོར།

ངའི་བརྩེ་བའི་ཕུན་ཚོགས་སྒྲོལ་དཀར་ལ།

སེམས་སྐྱོ་བའི་ཚིག་འདི་སྙན་པའི་དབྱངས་ལ་བསྒྱུར།

ཁྱེད་ཀྱི་ཁྱད་དུ་གཞས་འདི་བཏང་།

ཐག་རིང་གི་བརྩེ་གྲོགས།

ཐག་རིང་གི་སྙིང་གྲོགས།

ཁྱེད་ནི་ང་ཡི་ནམ་འོངས་བརྩེ་གྲོགས་ཡིན།

བུ་མོ་ཁྱོད་ཀྱི་སེམས་སྐྱོ་བའི་སྙིང་གཏམ།

རྟགས་དུ་ང་ཡི་སེམས་ནང་ལྷང་ལྷང་དྲན།

******

ཁྱོད་དང་ངའི་གཉིས་ཁ་བྲལ་དུས་ལ།

ཁྱེད་ཀྱིས་ང་ལ་ཕྱག་གཡུག་ལན་གསུམ་བྱས།

བཟོད་ཐབས་མེད་པའི་སེམས་ལ་ན་ཟུག་བྱུང་།

ཟད་མཐའ་་མེད་པའི་མིག་མཐའ་མཆི་མ་ལྷུང་།

ངའི་བརྩེ་བའི་ཕུན་ཚོགས་སྒྲོལ་དཀར་ལ།

ནམ་ཞིག་ངེད་གཉིས་མཉམ་འཛོམས་དུས་ལ།

སླར་ཡང་འབྲལ་རྒྱུ་མེད་པའི་དམ་བཅའ་ཡོད།

ཁྱེད་རང་མེད་པའི་ང་ཡི་མི་ཚེའི་ནང་།

ཉི་མ་མེད་པའི་མཚན་མོའི་མུན་ནག་འདྲ།

ངའི་བརྩེ་བའི་ཕུན་ཚོགས་སྒྲོལ་དཀར་ལ།

ཁྱེད་གནམ་གྲུ་ཐང་ལ་ཕྱིན་པའི་ལམ་ཁ་ན།

ཁྱེད་ཀྱི་མིག་མཐའ་མཆུ་མ་འཁོར།

ཐག་རིང་གི་བརྩེ་གྲོགས།

ཐག་རིང་སྙིང་གྲོགས།

ཁྱེད་ནི་ང་ཡི་མ་འོངས་ཚེ་གྲོགས་ཡིན།

བཟོད་ཐབས་མེད་པའི་ཁ་བྲལ་བའི་སྡུག་བསྔལ།

སླར་ཡང་མི་ཚེ་འདིའི་ནང་མི་ཡོང་ཤོག

ཁྱེད་གནམ་གྲུ་ཐང་ལ་ཕྱིན་པའི་ལམ་ཁ་ན།

ཁྱེད་ཀྱི་མིག་མཐའ་མཆུ་མ་འཁོར།

ཐག་རིང་གི་བརྩེ་གྲོགས།

ཐག་རིང་སྙིང་གྲོགས།

ཁྱེད་ནི་ང་ཡི་མ་འོངས་ཚེ་གྲོགས་ཡིན།

བཟོད་ཐབས་མེད་པའི་ཁ་བྲལ་བའི་སྡུག་བསྔལ།

སླར་ཡང་མི་ཚེ་འདིའི་ནང་མི་ཡོང་ཤོག

བཟོད་ཐབས་མེད་པའི་ཁ་བྲལ་བའི་སྡུག་བསྔལ།

སླར་ཡང་མི་ཚེ་འདིའི་ནང་མི་ཡོང་ཤོག

下载地址:

此为隐藏内容,需人机验证后查看下载!