编曲 : 旦旦
作词 : 斗拉加
作曲 : 民间
源头音符推广宣传
གླིང་གི་ཕ་ས།
ཚིག སྟག་ལྷ་རྒྱལ།
དབྱངས། དམངས་ཁྲོད།
ལེན་མཁན། གཡུ་རྩེའི་བུ་རྒྱུད་ཤེར་བསྟན།
བོད་མདོ་ཁམས་གངས་རིའི་ཞིང་ས།
ཡུལ་རྨ་རྒྱལ་ཤེལ་དཀར་ཕོ་བྲང་།
སང་རླུང་རྟས་བར་སྣང་བཀང་ས།
ཨོ་་་ ་་་
རྨ་ཆེན་གངས་རི། ང་ཚོའི་བླ་རི།
བུ་ང་ཡི་ཕ་ས་ཕ་ཡུལ།
གན་ཡང་ཡང་མཐོང་བའི་སྨོན་ལམ་འདེབས།
*** ***
ཤར་གཡུ་རྩེའི་རྫ་རི་སྔོན་མོ།
མཚོ་ལྗང་ལོ་བདུད་རྩི་བསིལ་མ།
སྟག་ཤ་རའི་དཔའ་རྩལ་འགྲན་ས།
ཨོ་་་ ་་་
གཉན་པོ་གཡུ་རྩེ། ང་ཚོའི་བླ་རི།
བུ་ང་ཡི་ཕ་ས་ཕ་ཡུལ།
གན་ཡང་ཡང་མཐོང་བའི་སྨོན་ལམ་འདེབས།
*** ***
བོད་མདོ་ཁམས་གངས་རིའི་ཞིང་ས།
ཡུལ་རྨ་རྒྱལ་ཤེལ་དཀར་ཕོ་བྲང་།
བསང་རླུང་རྟས་བར་སྣང་བཀང་ས།
རྨ་ཆེན་གངས་རི། ང་ཚོའི་བླ་རི།
ཤར་གཉན་པོ་གཡུ་རྩེ་སྔོན་མོ།
མཚོ་ལྗང་ལོ་བདུད་རྩི་བསིལ་མ།
སྟག་ཤ་རའི་དཔའ་རྩལ་འགྲན་ས།
གཉན་པོ་གཡུ་རྩེ། ང་ཚོའི་བླ་རི།
*** ***
ཡུལ་རྨ་རྫ་ཟལ་མོའི་སྒང་འདི།
གླིང་ཕུ་ནུའི་དཔའ་རྩལ་ངོམ་ས།
སྨན་འབྲུག་མོའི་གཞས་ཆུང་ལེན་ས།
ཨོ་་་ ་་་
རྨ་ཡུལ་མགོ་ལོག ང་ཡི་ཕ་ཡུལ།
བུ་ང་ཡི་ཕ་ས་ཕ་ཡུལ།
གང་ཡང་ཡང་དར་བའི་སྨོན་ལམ་འདེབས།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |