编曲 : 源头音符
源头音符推广宣传
མི་ཚེའི་རེ་སྒུག
ཚིག བཀྲ་བསོ།
དབྱངས། དམངས་ཁྲོད།
ལེན་མཁན། ཤེར་བསྟན།
དཀར་གསལ་གྱི་ཟླ་བ་ཞིག་གིས།
དབང་མེད་དུ་ནུབ་རི་བརྒལ་སོང་།
ཤུལ་ལུས་ཀྱི་སྐར་ཚོགས་ཕྲ་མོས།
ལྷག་ལུང་གི་ཁྲོད་ནས་སྒུག་ཡོད།
ཟླ་བ་ལགས། མྱུར་དུ་ཕེབས་ཤོག
ཟླ་བ་ལགས། མྱུར་དུ་ཕེབས་ཤོག
ཟླ་བ་ལགས། སྒུག་ཚོད་མི་འདུག
*****
གསེར་སེར་བོའི་ཉི་མ་ཞིག་གིས།
གླིང་གཞན་ལ་འགྲིམ་དགོས་བྱུང་སོང་།
འོད་སྣང་ལ་རེ་བའི་སྐྱེ་དགྲེས།
མིན་ནག་གི་ཁྲོད་ན་སྒུག་ཡོད།
ཉི་མ་ལགས། མྱུར་དུ་ཕེབས་ཤོག
ཉི་མ་ལགས། མྱུར་དུ་ཕེབས་ཤོག
ཉི་མ་ལགས། སྒུག་ཚོད་མི་འདུག
*****
རིགས་མཐུན་གྱི་སྤུན་ཟླ་མང་པོ།
མི་ཡུལ་འགྲོ་དགོས་བྱུང་སོང་།
ཤུལ་ལུས་ཀྱི་ས་ཡ་དྲུག་གིས།
གཞི་བྱེད་ཀྱི་ལྷན་འཛོམས་སྒུག་ཡོད།
སྤུན་ཟླ་ལགས། མྱུར་དུ་ཕེབས་ཤོག
སྤུན་ཟླ་ལགས། མྱུར་དུ་ཕེབས་ཤོག
སྤུན་ཟླ་ལགས། སྒུག་ཚོད་མི་འདུག
*****
བྱམས་ལྡན་གྱི་འགྲོ་བའི་མགོན་པོ།
ནུབ་ཕྱོགས་ལ་ཕེབས་དགོས་བྱུང་སོང་།
སློབ་འབངས་ཀྱི་ཆོལ་ཁ་གསུམ་གྱི།
གདོང་མཆི་མས་བརླན་ནས་སྒུག་ཡོད།
བླ་མ་ལགས། མྱུར་དུ་ཕེབས་ཤོག
བླ་མ་ལགས། མྱུར་དུ་ཕེབས་ཤོག
བླ་མ་ལགས། སྒུག་ཚོད་མི་འདུག

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |