编曲 : 源头音符
源头音符推广宣传
འཇའ་ཁ་དོག་ཡག་གི་གུར་ཁང་ན།
སྦྲ་སྨུག་ཆུང་སྒོ་དར་རླུང་གིས་སྐྱོད།
བཞོ་དགོ་དགོ་འབྲི་མོ་གཡང་ལྷ་མ།
ཆར་སིལ་མའི་ནང་ནས་འོ་མ་འཇོ།
རྩྭ་རྩི་ཏོག་རྒྱས་སའི་རི་འདབས་ན།
ཕྱུགས་ནོར་ལུག་འཕེལ་ཀ་དགུང་ལ་མཉམ།
བཞོ་དགོ་དགོ་འབྲི་མོ་གཡང་ལྷ་མ།
སྤང་མེ་ཏོག་ཁྲོད་ནས་འོ་མ་འཇོ།
འབྲི་མོ། འབྲི་མོ་གཡང་ལྷ་མ།
བཞོ་དགོ་དགོ་འབྲི་མོ་གཡང་ལྷ་མ།
ཆར་སིལ་མའི་ནང་ནས་འོ་མ་འཇོ།
ཆར་སིལ་མའི་ནང་ནས་འོ་མ་འཇོ།
ཕ་ཁུ་བའི་རླུང་རྟ་དགུང་ན་མཐོ།
མ་སྲུ་མའི་སེམས་རྩ་སྐྱིད་ལ་འཁོར།
བཞོ་དགོ་དགོ་འབྲི་མོ་གཡང་ལྷ་མ།
གངས་དཀར་པོའི་འགྲམ་ནས་འོ་མའཇོ།
འབྲི་མོ། འབྲི་མོ་གཡང་ལྷ་མ།
བཞོ་དགོ་དགོ་འབྲི་མོ་གཡང་ལྷ་མ།
ཆར་སིལ་མའི་ནང་ནས་འོ་མ་འཇོ།
ཆར་སིལ་མའི་ནང་ནས་འོ་མ་འཇོ།
འབྲི་མོ། འབྲི་མོ་གཡང་ལྷ་མ།
བཞོ་དགོ་དགོ་འབྲི་མོ་གཡང་ལྷ་མ།
ཆར་སིལ་མའི་ནང་ནས་འོ་མ་འཇོ།
ཆར་སིལ་མའི་ནང་ནས་འོ་མ་འཇོ།
གངས་དཀར་པོའི་འགྲམ་ནས་འོ་མའཇོ།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |