编曲 : 源头音符
源头音符推广宣传
དགའ་རོགས།
ཚིག། ཡེ་ཤེས་ཚེརིང་།
དབྱངས། ཨོ་རྒྱན།
ལེ་མཁན། ཀུན་དགའ།
ང་ཡི་སེམས་ནང་གི་བུ་མོ།
མཛེས་པའི་རྩྭ་ཐང་དུ་ནོར་ལུག་འཚོ་བཞིན།
སྤང་ལྗོངས་ཀྱི་སྐལ་བཟང་མེ་ཏོག་མཐོང་བས།
ཆུང་འདྲིས་མཛེས་མའི་འཛུམ་མདངས་ཡིད་ལ་འཁོར།
ཆུང་འདྲིས་མཛེས་མའི་འཛུམ་མདངས་ཡིད་ལ་འཁོར།
ཨ་ལ་ཡེ•••ཨ་ལ་ཡེ•••།
ཨ་ལ་ཡེ•••ཨ་ལ་ཡེ•••།
སྤང་ལྗོངས་ཀྱི་སྐལ་བཟང་མེ་ཏོག་མཐོང་བས།
ཆུང་འདྲིས་མཛེས་མའི་འཛུམ་མདངས་ཡིད་ལ་འཁོར།
ཆུང་འདྲིས་མཛེས་མའི་འཛུམ་མདངས་ཡིད་ལ་འཁོར།
ཨ་ལ་ཡེ•••ཨ་ལ་ཡེ•••།
ཆུང་འདྲིས་མཛེས་མའི་འཛུམ་མདངས་ཡིད་ལ་འཁོར།
ང་ཡི་སེམས་ནང་གི་བུ་མོ།
དྭངས་གཙང་གི་ཆུ་ཁ་འདིར་གླུ་རེ་ཕུལ་མྱངས།
ཤང་ཤང་གི་ཆུ་སྒྲ་སྙན་མོ་ཐོས་པས།
ཆུང་འདྲིས་མཛེས་མའི་གླུ་སྐད་ཡིད་ལ་འཁོར།
ཆུང་འདྲིས་མཛེས་མའི་གླུ་སྐད་ཡིད་ལ་འཁོར།
ཨ་ལ་ཡེ•••ཨ་ལ་ཡེ•••།
ཨ་ལ་ཡེ•••ཨ་ལ་ཡེ•••།
ཤང་ཤང་གི་ཆུ་སྒྲ་སྙན་མོ་ཐོས་པས།
ཆུང་འདྲིས་མཛེས་མའི་གླུ་སྐད་ཡིད་ལ་འཁོར།
ཆུང་འདྲིས་མཛེས་མའི་གླུ་སྐད་ཡིད་ལ་འཁོར།
ཨ་ལ་ཡེ•••ཨ་ལ་ཡེ•••།
ཆུང་འདྲིས་མཛེས་མའི་འཛུམ་མདངས་ཡིད་ལ་འཁོར།
ཨ་ལ་ཡེ•••ཨ་ལ་ཡེ•••།
ཆུང་འདྲིས་མཛེས་མའི་འཛུམ་མདངས་ཡིད་ལ་འཁོར།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |