作词 : 西尔甲
作曲 : 西尔甲
编曲 : 西尔甲
ཨ་མདོའི་འབྲོག་ཕྲུག
安多牧童
ཚིག སྦྱིན་པ། 词:金巴
དབྱངས། རྡོ་རེད། 曲:多热
ལེན་མཁན། ཤེས་རབ་རྒྱལ།
演唱:西尔甲
ང་ནི་ཨ་མདོའི་འབྲོག་ཕྲུག་ཅིག།
我是安多的牧童
སྲབ་མདའ་སྲབ་སྐྱོགས་ལག་ན་བདེ།།
细皮绳和抛石器,手中轻握
རྒྱ་ལྕག་ཕྲ་མོ་དགུང་ལ་འཕྱར།།
长长的乌朵,甩向天空
འདོ་རིག་རྟ་ཕོ་ཞོན་རྒྱུར་དགའ།།
最爱骑上骏马,追逐嬉戏
སོ། ཡ་ལ་སོ།
嗦——呀啦嗦——
གྱི་ལིང་རྟ་ཕོར་རྩིས་འདང་ཆེ།།
栗色骏马呀,最合我心意
ང་ནི་ཨ་མདོའི་འབྲོག་ཕྲུག་ཅིག།
我是安多的牧童
སྣ་རྫོབ་སྣ་ཐུག་ལག་ན་བདེ།།
鼻套和缰绳,手中轻握
ཕྱིང་དཀར་ཞྭ་མོ་མགོ་ན་ཡག།
雪白毡帽,头上戴起
ཞོལ་གཡག་རོག་པོར་ཞོན་རྒྱུར་དགའ།།
最爱骑上犏牛,悠然前行
སོ། ཡ་ལ་སོ།
嗦——呀啦嗦——
ཐུལ་དཀར་འབྲི་མོར་རྩིས་འདང་ཆེ།།
白色奶牛呀,最合我心意
ང་ནི་ཨ་མདོའི་འབྲོག་ཕྲུག་ཅིག།
我是安多的牧童
འུར་ཆ་འུར་ཝ་ལག་ན་བདེ།།
抛石器呼呼,手中轻握
ངག་གི་གླུ་སྒྲ་དགུང་ན་མཐོ།།
口中歌声,响彻云霄
གཡང་དཀར་ལུག་ཁྱུ་འཚོ་རྒྱུར་དགའ།།
སོ། ཡ་ལ་སོ།
嗦——呀啦嗦——
ཚེར་མོ་ལུག་ལ་རྩིས་འདང་ཆེ།།
带刺的羊儿呀,最合我心意

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |