作词 : 西尔甲
སྐྱིད་ནི་ཤར་ཕྱོགས་སྐྱིད་པ། །
ཤར་ཕྱོགས་ཉི་མ་འཆར་ས། །
ཤར་ཕྱོགས་གནམ་སའི་འདྲེས་མཚམས། །
སྙིང་སྡུག་འཚོ་བ་རོལ་ས། །
འོད་ཟེར་གྱོན་པའི་མགྲོན་པོ། །
སྙིང་སྡུག་མཐོང་བ་ཨེ་བྱུང་། །
སྐུ་ལུས་འཇའ་དྲུག་ལྡེམ་པ། །
བདེ་མོ་འཚམ་པོ་ཨེ་རེད། །
སྐྱིད་ནི་བྱེའུ་ཆུང་སྐྱིད་པ། །
གར་འཕུར་རང་གི་ལག་རེད། །
ང་དང་སྙིང་སྡུག་གཉིས་ཀ །
སོ་སོ་ས་མཐར་ལུས་སོང་། །
བྱེའུ་ཆུང་རྡོ་རྗེ་ཁྱུང་གཤོག །
ཚབ་སྐོར་རྒྱག་རོགས་ཨེ་གནང་། །
ལོ་ཟླས་གཞོན་སྣང་ཁྱེར་ཡང་། །
དྲན་གདུང་འཁྱེར་མཁན་མི་འདུག །
སྐྱིད་ནི་གངས་རི་སྐྱིད་པ། །
སྐྱོ་སྨུག་རླུང་བུས་དེད་སོང་། །
སེམས་ལ་འཐིབ་པའི་སྨུག་པ། །
དྭངས་རོགས་གནང་མཁན་མི་འདུག །
གངས་ལྷ་ཐུགས་རྗེ་ཅན་པོ། །
ང་ལ་མགོན་སྐྱབས་ཨེ་གནང་། །
ས་མཐའི་སེམས་པ་གཉིས་ལ། །
མཇལ་འཛོམ་ལས་སྐལ་གནོངས་དང་། །

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |