西尔甲-故乡歌曲免费下载

《西尔甲-故乡》歌曲详情

作词 : 琼赛更藏

作曲 : 南木卡

编曲 : 谢尔巴

ས་ཆེན་པོ་རི་བོའི་ཕྲ་རྒྱན་ཅན།།

རི་ཆེན་པོའི་དབུ་ལ་གངས་ཀྱིས་གཡོགས།།

གངས་དཀར་པོའི་འདབས་ན་ཕ་ཡུལ་ཡོད།།

ངའི་ཕ་ཡུལ་ཕ་ཁུའི་གཏམ་དང་འདྲ།།

ཞང་ཡ་རེ་ལོ། ཡ་རེ་ལོ།

ཕ་ཨ་ཁུའི་སྙིང་གཏམ་སྲིད་པའི་གཏམ།།

གཏམ་སྙན་མོའི་ནང་ན་དྲོད་ཅིག་ཡོད།།

སྤང་ཡག་མོ་ཆུ་བོའི་སྐེ་རྒྱན་ཅན།།

ཆུ་གཙང་མོ་དབྱངས་ཀྱི་འགྱུར་ཁུགས་ཅན།།

ཆུ་དངས་མོའི་འགྲམ་ན་ཕ་ཡུལ་ཡོད།།

ངའི་ཕ་ཡུལ་མ་སྲིའི་བཞོ་དབྱངས་འདྲ།།

ཞང་ཡ་རེ་ལོ། ཡ་རེ་ལོ།

མ་སྲི་མོའི་བཞོ་དབྱངས་ཚངས་པའི་མགུར།།

མགུར་སྙན་མོའི་ནང་ན་འདང་ཞིག་ཡོད།།

སྦྲ་སྨུག་པོའི་དུ་ཞག་སྤང་ལ་འཁྱིལ།།

སྤང་ཡངས་མོ་གཡང་དཀར་ལུག་གིས་བཟུང་།།

གཡང་ལུག་ཆུང་རོག་མོ་ནོར་ལ་འདྲེས།།

ཕྱུགས་ཁྲ་ཁྲའི་རུ་མ་སྣུམ་སེ་སྣུམ།།

ཞང་ཡ་རེ་ལོ། ཡ་རེ་ལོ།

ངའི་ཕ་ཡུལ་གཡང་གི་འཕེལ་ཁ་ཡིན།།

གཡང་ཆེན་པོའི་ཡུལ་ན་བཅུད་ཅིག་ཡོད།།

下载地址:

此为隐藏内容,需人机验证后查看下载!