久巴-久巴合唱 3688 mix歌曲免费下载

《久巴-久巴合唱 3688 mix》歌曲详情

作曲 : 久巴

编曲 : 久巴

གྲོགས་ཀྱི་དྭངས་མ།

ཚིག་རྩོམ་མཁན། དབྱུག་འཛིན།

དབྱངས་རྩོམ་མཁན། གཅོད་པ།

གཞས་གཏོང་མཁན། གཅོད་པ་དང་ཟླ་བ།

ལོ་དང་ཟླ་བ་རེ་རེ་ཕར་ལ་བསྐྱལ་ཏེ།།

མི་ཚེ་ཐུང་ཐུང་འདི་ནས་སྐྱིད་གཅིག་རོལ་དང་།།

ཁྱོད་རང་སྤྲོ་བས་གཞས་ཆུང་སྙན་མོ་བཀུག་སྟེ།།

ཁྱོད་སྐྱིད་པའི་སྨོན་འདུན་ལྷ་ལ་བཅོལ་ཡོད།།

ཟིང་ཟིང་གི་འཁོར་བ་ཕྲ་ཕྲའི་འཇིག་རྟེན་འདི་ནས།།

ང་རང་ཁྱོད་དང་འཕྲད་པའི་དུས་བཟང་ཉིན་དེར།།

ཁྱོད་ཀྱི་གདོང་གི་འཛུམ་དེ་ཡང་ཡང་དྲན་ན།།

ངའི་ད་དུང་དགེན་ཁྱོད་བརྗེད་རྒྱུ་ཞིག་མི་འདུག།

ལམ་ཐག་རིང་མོ་གོམ་ཁ་རེ་རེ་སྤོས་ནས།།

མི་ཚེ་རིང་མོ་ལས་ཀྱི་འཁོར་ཕྱོགས་བསྟུན་ཏེ།།

སྐྱིད་སྡུག་མཉམ་དུ་ཁུར་བས་གྲོགས་ཀྱི་དྭངས་མ།།

ཁྱོད་འུ་གཉིས་ལས་ཀྱི་འཁོར་རོགས་ཡིན་སོང་།།

下载地址:

此为隐藏内容,需人机验证后查看下载!