久巴-博巴孩儿歌曲免费下载

《久巴-博巴孩儿》歌曲详情

作曲 : 久巴

编曲 : 久巴

བོད་ཀྱི་བུ།

གཞས་ཚིག བཀྲ་ཤིས་སེང་གེ

གཞས་གདངས གཅོད་པ།

གཞས་པ གཅོད་པ།

རང་ཚུགས་རི་ལས་བརྟན།

རིགས་ཞེན་གངས་ལས་དཀར།

འགྱུར་མེད་དམ་ཚིག་གཙང་བ།

ཕོ་རབ་དམ་པའི་སྲོལ་རེད།

ཨ་ལ་བཀྲ་རེ་ཤིས། ཨ་ལ་གཡང་རེ་ཆགས།

ཁ་བའི་ཕོ་རྒོད་ཚོ། ཁ་ལས་རླུང་རྟ་དར།

ཁྱིམ་གྲུ་བཞི་སྨུག་ཆུང་སྦྲ་ཡིན།།

རྒྱབ་གྱོན་པ་མ་མོའི་བལ་ཡིན།།

ང་མགོ་ནག་བོད་ཀྱི་མི་ཡིན།།

ཞེ་གློ་བ་བོད་ལ་ལོས་དུངས།།

དཔའ་གདེང་མཚོ་ལས་ཟབ།

སྤོབས་སེམས་བྲག་ལས་སྲ།

མཁས་མཛངས་སྙིང་སྟོབས་ཆེ་བ།

ཕོ་རབ་དཔའ་བོའི་གཤིས་རེད།

ཨ་ལ་བཀྲ་རེ་ཤིས། ཨ་ལ་གཡང་རེ་ཆགས།

གངས་རིའི་བུ་རྒོད་ཚོ། གང་འདོད་ལྷུན་གྱིས་འགྲུབ།

ཤ་རུས་པའི་རྒྱུད་པ་བོད་ཡིན།།

ངག་གྲེ་འགྱུར་མེས་པོའི་དབྱངས་ཡིན།།

ང་གཞུང་དྲང་བོད་ཀྱི་རིགས་ཡིན།།

འདང་བརྩེ་བ་བོད་ལ་ལོས་ཟབ།།

ཁོག་རྒྱ་མཁའ་ལས་ཡངས།

ཁ་ཚིག་མདའ་ལས་དྲང་།

བློ་དཀར་ངང་རྒྱུད་བཟང་བ།

ཕོ་རབ་སྐྱེ་བོའི་ལུགས་རེད།

ཨ་ལ་བཀྲ་རེ་ཤིས། ཨ་ལ་གཡང་རེ་ཆགས།

གདོང་དམར་ཕོ་རྒོད་ཚོ། བདེ་སྐྱིད་ཕུན་སུམ་ཚོགས།

下载地址:

此为隐藏内容,需人机验证后查看下载!