久巴-久巴 8.31 MIX_4歌曲免费下载

《久巴-久巴 8.31 MIX_4》歌曲详情

作曲 : 久巴

编曲 : 久巴

རེ་བའི་རྨི་ལམ།

གཞས་ཚིག། གཡེ་རུས་རྐང་།

གཞས་གདངས གཅོད་པ།

གཞས་པ། གཅོད་པ།

མི་ཚེ་ཐུང་ཐུང་ཞིག་ལ།།

གང་དྲན་བྱ་བ་མ་སྒྲུབ།།

གཟུགས་མེད་སྣང་བའི་ཁམས་ནས།།

སྒྱུ་མའི་འཕྲུལ་གྱིས་བཟི་འགྲོ།།

འཇིག་རྟེན་འཁོར་བའི་ནང་ནས།།

སུ་ཡིན་བློ་གཏད་མ་བྱེད།།

རྒྱུས་མེད་གྲོང་ཚོ་འདི་ནས།།

བཅོས་མའི་འཛུམ་གྱིས་བསླུ་འགྲོ།

འཇིག་རྟེན་འཁོར་བའི་ལམ་ན།།

སོང་ནས་རྫོགས་མཐའ་མི་འདུག།

རང་ལ་འཚམས་པའི་བྱ་བ།།

རེ་བའི་ནན་གྱིས་སྒྲུབ་དགོས།།

མི་རྟག་འཁོར་བའི་གྲོང་འདི།།

བསམ་ན་ཉིན་ཞག་གཅིག་རེད།།

བཟུང་ན་འཇའ་ཡི་གུར་རེད།།

ཡུན་ཐུང་སྐད་ཅིག་ཙམ་རེད།།

མི་རྟག་འཁོར་བའི་གྲོང་ནས།།

རེ་བའི་བསམ་པ་ཡོད་ན།།

རྒྱབ་ནས་སྐྱོར་ནི་མེད་ཀྱང་།།

སྤོབས་སེམས་ཡིད་ཆེས་ཡོད་དགོས།།

འདས་པའི་ལོ་ཟླ་དག་ལ།།

འཕང་སེམས་ཆེ་དགོས་མི་འདུག།

མ་འོངས་ལོ་ཟླའི་ཁྲོད་ན།།

རེ་བའི་མིག་ཟུང་ཕྱོགས་དགོས།།

下载地址:

此为隐藏内容,需人机验证后查看下载!