བོད་ལ་འགྲོ།
ཚིག་དང་དབྱངས། བློ་བསམ་བདེ་ལེགས།
གཞས་པ། བཀྲ་ཤིས་ཆོས་འཕེལ།
བོད་ལ་འགྲོ། བོད་དབུས་གཙང་རུ་བཞི་ལ་འགྲོ།
ཇོ་བོ་ཤཀྱ་མུ་ནེ་མཇལ་དུ་འགྲོ།
བླ་མའི་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས།།
རི་བོ་གངས་དཀར་ཏི་སེར་མཇལ་དུ་་འགྲོ།
བོད་མི་བསམ་དོན་འགྲུབ་པའི་སྨོན་ལམ་འདེབས།།
བོད་ལ་འགྲོ། བོད་དཔལ་འཛོམས་ཁམས་པའི་ཡུལ་ལ་འགྲོ།
གནས་ཆེན་ཁ་བ་དཀར་པོར་མཇལ་དུ་འགྲོ།
གཞིས་བྱེས་ལྷན་འཛོམས་ཡོང་བའི་སྨོན་ལམ་འདེབས།།
སྡེ་དགེའི་པར་ཁང་ཡ་ལ་མཇལ་དུ་འགྲོ།
ཆོས་དང་རིག་གཞུང་དར་བའི་སྨོན་ལམ་འདེབས།།
བོད་ལ་འགྲོ། བོད་ཨ་མདོ་རིག་པའི་ཡུལ་ལ་འགྲོ།
རྗེ་སྐུ་འབུམ་བྱམས་པ་གླིང་ལ་མཇལ་དུ་འགྲོ།
ཆོལ་གསུམ་མཐུན་སྒྲིལ་ཡོང་བའི་སྨོན་ལམ་འདེབས།།
རྨ་ཆེན་གངས་རི་ཡ་ལ་མཇལ་དུ་འགྲོ།
སྐྱིད་པའི་ཉི་མ་ཤར་བའི་སྨོན་ལམ་འདེབས།།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |