扎西曲批-父母歌曲免费下载

《扎西曲批-父母》歌曲详情

作词 : 扎西曲批

ཕ་མ།

ཚིག བསོད་ནམས་དོན་འགྲུབ།

གདངས། བསོད་ནམས་རིན་ཆེན།

གཞས་པ། བཀྲ་ཤིས་ཆོས་འཕེལ།

དྲིན་ཨ་མའི་བྱམས་བརྩེ་ཡི་པང་ནས།།

ང་བུ་ཆུང་འཚར་ལོངས་རེ་བྱུང་སོང་།།

དྲིན་ཁྱེད་ཀྱི་འཛུམ་མདངས་ཀྱི་ཁྲོད་ནས།།

ང་བུ་ཆུང་གཞན་ཡུལ་ལ་ཆས་སོང་།།

ཡུལ་ཤར་ལྷོ་གང་ཞིག་ལ་སོང་ཀྱང་།།

དྲིན་ཨ་མ་བརྗེད་ཐབས་རང་མི་འདུག།

རྒྱང་རིང་པོ་མི་ཡུལ་གྱི་ས་ནས།།

ཁྱེད་དྲན་པའི་གླུ་དབྱངས་ཞིག་བླངས་ཡོད།།

ཨ་མ་ཡ་ཨ་མ་ལགས།

དྲིན་ཨ་ཕའི་བསླབ་བྱ་ཡི་འོག་ནས།།

ང་བུ་ཆུང་ལུས་སྟོབས་གཅིག་རྫོགས་ཀྱང་།།

དྲིན་ཁྱེད་ཀྱི་རེ་བཞག་གི་ལམ་ནས།།

ང་བུ་ཆུང་གཞན་ཡུལ་ལ་སྙེགས་སོང་།།

ཡུལ་མདོ་དབུས་གང་ཞིག་ལ་སོང་ཀྱང་།།

དྲིན་ཕ་ལོ་བརྗེད་ཐབས་ཞིག་མི་འདུག།

ངའི་ཡ་ཆུང་སེམས་པ་ཡི་དབུས་ནས།།

ཁྱེད་དྲན་པའི་གླུ་དབྱངས་ཞིག་བླངས་ཡོད།།

ཨ་ཕ་ཡ་ཨ་ཕ་ལགས།

下载地址:

此为隐藏内容,需人机验证后查看下载!