扎西曲批-你和我歌曲免费下载

《扎西曲批-你和我》歌曲详情

འུ་གཉིས་ཀྱི་བརྩེ་བ།

ཚིག ལེགས་བཤད་རྒྱ་མཚོ།

དབྱངས། ཆོས་དར།

ལེན་མཁན། བཀྲ་ཤིས་ཆོས་འཕེལ།

དྲྭ་བའི་འཕྲིན་ལམ་ཐོག་ནས།།

དུང་བའི་འཕྲིན་ཡིག་བསྐུར་ཏེ།།

སེམས་དང་སེམས་པ་གཅིག་ནས།།

བརྩེ་བ་ཡིད་ལ་ཆགས་སོང་།།

བསོ་ཡ་ལ་་་་སེམས་ཀྱི་བུ་མོ།

བརྩེ་བ་ཡིད་ལ་ཆགས་སོང་།།

ལག་འཕྲིན་ཁ་པར་འོག་ནས།།

དགའ་བའི་སྙིང་གཏམ་གླེང་ཏེ།།

སེམས་དང་སེམས་པ་འདྲེས་ནས།།

བརྩེ་དུང་སྙིང་ལ་ཟུག་སོང་།།

བསོ་ཡ་ལ་་་་སེམས་ཀྱི་བུ་མོ།

བརྩེ་དུང་སྙིང་ལ་ཟུག་སོང་།།

རྩི་ཤིང་སྤྱི་གླིང་ཁྲོད་ནས།།

གཅེས་པའི་འཛུམ་ཞལ་བསྟན་སྟེ།།

སེམས་དང་སེམས་པ་མཉམ་ནས།།

བརྩེ་སེམས་དྲོད་ཁོལ་འབར་སོང་།།

བསོ་ཡ་ལ་་་བརྩེ་བའི་བུ་མོ།

བརྩེ་སེམས་དྲོད་ཁོལ་འབར་སོང་།།

下载地址:

此为隐藏内容,需人机验证后查看下载!