才让东珠-黑帐篷歌曲免费下载

《才让东珠-黑帐篷》歌曲详情

作词 : 岗华

作曲 : 才让东珠

ཡེ་་་་་་ཧེ་ཡ།

ངའི་ཕ་ཡུལ་སྦྲ་ནག་ཁྲི་སྡེ་ན། ཡ་ལ།

ཕ་ཨ་ཁུ་ཁ་ཞག་གྱི་ལེར་ཡོད། ཡ།

ཡེ་་་་་་ཡ།

མ་སྲི་མོ་གཡང་གི་ཁ་འཛིན་མ།

སྦྲ་སྨུག་པོའི་ནང་གི་སྣུམ་ཤ་ཡིན། ཡ།

སྐུ་བསོད་ཆེ་བའི་ཕ་མེས་ཚོའི་ལུས་ལ་ནད་མེད་ཚེ་རིང་ཤོག ཡ།

ཟས་ཁ་སྣུམ་པའི་མ་སྲི་ཚོའི་བཞོ་ཟེའུ་འོ་མས་གང་བར་ཤོག

ཨོ། ཟས་ཁ་སྣུམ་པའི་མ་སྲི་ཚོའི་བཞོ་ཟེའུ་འོ་མས་གང་བར་ཤོག ཡ།

ཡེ་་་་་་ཧེ་ཡ།

ངའི་ཕ་ཡུལ་སྦྲ་ནག་ཁྲི་སྡེ་ན། ཡ་ལ།

ནང་ན་ཟླ་རྩི་ཏོག་འཁྲུངས་འདྲ་ཡིན། ཡ།

ཡེ་་་་་་ཡ།

ཆུང་རྩེད་རོགས་ཁ་ཞེ་གཉིས་མེད་ཅན།

ཆུ་དྭངས་མོའི་འགྲམ་གྱི་གཏམ་རྒྱུད་ཡིན། ཡ།

གཞུང་རྒྱུད་དྲང་པའི་ན་ཟླ་ཚོས་མཉམ་དུ་བརྩེ་བའི་ལག་གདང་སྦྲེལ། ཡ།

ངང་རྒྱུད་འཇམ་པའི་རྩེད་རོགས་ཚོས་མཉམ་དུ་ཕྱིར་དྲན་རི་མོ་འབྲི།

ཨེ། ངང་རྒྱུད་འཇམ་པའི་རྩེད་རོགས་ཚོས་མཉམ་དུ་ཕྱིར་དྲན་རི་མོ་འབྲི། ཡ།

ཡེ་་་་་་ཧེ་ཡ།

སྨུག་ལང་ལོང་ནང་གི་རི་གླུ་དེ། ཡ་ལ།

ལུག་དཀར་ཆུང་འཚོ་ཡི་འཚོ་རོགས་ཡིན། ཡ།

ཡེ་་་་་་ཡ།

སྨན་བུ་མོ་བྱུ་རུའི་རྣ་ཆ་ཅན།

ཚེ་བསྐལ་བ་སྟོང་གི་འཁོར་བ་ཡིན། ཡ།

གཡང་དཀར་འཚོ་བའི་ན་ཆུང་མའི་རྗེས་ལ་མེ་ཏོག་བཏུ་རུ་འགྲོ། ཡ།

ལང་ཚོ་སྨིན་པའི་བཞིན་བཟང་མའི་སྙན་ལ་ཚིག་དྲུག་རི་གླུ་ལེན།

ཨེ། ལང་ཚོ་སྨིན་པའི་བཞིན་བཟང་མའི་སྙན་ལ་ཚིག་དྲུག་རི་གླུ་ལེན། ཡ།

ལང་ཚོ་སྨིན་པའི་བཞིན་བཟང་མའི་སྙན་ལ་ཚིག་དྲུག་རི་གླུ་ལེན། ཡ།

下载地址:

此为隐藏内容,需人机验证后查看下载!