才让东珠-圣母歌曲免费下载

《才让东珠-圣母》歌曲详情

作词 : 岗华

作曲 : 才让东珠

编曲 : 尕太加

录音:央容阿东

混音:萍子

翻译:贝尔斯

བྱིས་དུས་ཨ་མའི་སེམས་དཀར་ཁ་ཏ་ལ། ཡ།

དྲེད་ཕྲུག་རྒྱ་རིལ་ཟེར་བའི་སྒྲུང་ཞིག་བསླབས།

བྱིའུ་ཆུང་མཐེབ་རིལ་ཟེར་བའི་གླུ་ཞིག་བསླབས།

དེ་དུས་ཨ་མའི་བསམ་དོན་མ་གོ་ཡང་། ཡ།

བསླབ་བྱ་དྲོན་མོའི་བག་ཆགས་རྐང་ན་ཡོད།

ཧེ། ཡ་རེ་ལེན། ཞང་རྒྱ་གི་ལོ་ལོ། ཞང་རྒྱ་གི་ལོ་ལོ་ཡེ།

མགོན་མེད་གྲོགས་སུ་བཀུར་བ་དེ་ནས་བསླབས། ཡ།

ཨ་མ་རང་བྱུང་ཁམས་ཀྱི་ལྷ་ཞིག་ཡིན།

རང་བྱུང་ཁམས་ཀྱི་ལྷ་ཞིག་ཡིན། ཡ།

བྱིས་དུས་ཨ་མའི་སེམས་དཀར་ཁ་ཏ་ལ། ཡ།

མེ་ཏོག་བཏོག་ན་སྐྱེ་གཟུགས་མི་ཡག་ཟེར།

ཆུ་མོ་རྙོག་ན་ཚེ་ཐག་མི་རིང་ཟེར།

དེ་དུས་ཨ་མའི་བསམ་དོན་མ་གོ་ཡང་། ཡ།

བསླབ་བྱ་དྲོན་མོའི་བག་ཆགས་རྐང་ན་ཡོད། ཡ།

ཧེ། ཡ་རེ་ལེན། ཞང་རྒྱ་གི་ལོ་ལོ། ཞང་རྒྱ་གི་ལོ་ལོ་ཡེ།

སྐྱེ་དངོས་གྲོགས་སུ་ལྟ་བ་དེ་ནས་བསླབས། ཡ།

ཨ་མ་རང་བྱུང་ཁམས་ཀྱི་ལྷ་ཞིག་ཡིན།

རང་བྱུང་ཁམས་ཀྱི་ལྷ་ཞིག་ཡིན། ཡ།

བྱིས་དུས་ཨ་མའི་ཞི་འཇམ་ཞལ་གསུང་དུ། ཡ།

བསམ་པ་གངས་རི་འདྲ་ཞིག་དཀར་དགོས་ཟེར།

ཞེ་སེམས་ཆུ་མོ་འདྲ་ཞིག་དྭངས་དགོས་ཟེར།

རང་གཤིས་བྲག་རི་འདྲ་ཞིག་བརྟན་དགོས་ཟེར། ཡ།

ཁོག་རྒྱ་ནམ་མཁའ་འདྲ་ཞིག་ཡངས་དགོས་ཟེར།

ཧེ། ཡ་རེ་ལེན། ཞང་རྒྱ་གི་ལོ་ལོ། ཞང་རྒྱ་གི་ལོ་ལོ་ཡེ།

ཨ་མས་རྩྭ་ཐང་ང་ཡི་སེམས་ལ་བཞག ཡ།

ཨ་མ་རང་བྱུང་ཁམས་ཀྱི་ལྷ་ཞིག་ཡིན།

རང་བྱུང་ཁམས་ཀྱི་ལྷ་ཞིག་ཡིན། ཡ།

ཨ་མ་རང་བྱུང་ཁམས་ཀྱི་ལྷ་ཞིག་ཡིན།

རང་བྱུང་ཁམས་ཀྱི་ལྷ་ཞིག་ཡིན། ཡ།

下载地址:

此为隐藏内容,需人机验证后查看下载!