岗•拉贵-《亏欠》多吉杰布歌曲免费下载

《岗•拉贵-《亏欠》多吉杰布》歌曲详情

作词 : 岗•拉贵

作曲 : 岗•拉贵

编曲 : 岗•拉贵

༼ སེམས་ཁྲལ། ༽

ཚིག་ རྡོ་རྗེ་རྒྱལ་པོ།

གདངས་ ཚེ་དབང་ནོར་བུ།

གཞས་པ་ རྡོ་རྗེ་རྒྱལ་པོ།

༼ཚིག་བཟང་པོ་སེམས་ཀྱི་བདུད་རྩི་འདི།༽

༼རིགས་བཟང་པོ་ཁ་བའི་སྤུན་ཟླ་ལ།༽

དྲྭ་ཐོག་བསྒྲིག་བཟོ་འགྲེམ་སྤེལ་ སྒང་•ལྷག་རྒོད།

ག་དུས་ཡིན་ནའི་ཁྱེད་གཉིས་ལ་སེམས་ཁྲལ་བཟོས།

སེམས་ཁྲལ་འོག་ལ་དབུ་སྐྲ་དཀར་པོའི་དུང་ལ་འགྱུར།

ག་དུས་ཡིན་ནའི་ཁྱེད་གཉིས་ལ་སེམས་ཁྲལ་བཟོས།

སེམས་ཁྲལ་འོག་ལ་ཁྱེད་གཉིས་ཀྱི་ལང་ཚོ་ཡལ།

ག་དུས་ཡིན་ནའི་ཁྱེད་གཉིས་ལ་སེམས་ཁྲལ་བཟོས།

སེམས་ཁྲལ་འོག་ལ་སྐྱིད་པའི་ཉི་མ་ཤར་མྱོང་མེད།

ག་དུས་ཡིན་ནའི་ཁྱེད་གཉིས་ལ་སེམས་ཁྲལ་བཟོས།

བསམ་བློ་མཐོང་དུས་ཁྱེད་གཉིས་རྒས་ཚར་བཞག།

ཐེངས་མ་གཅིག་ཙམ་ནང་ལ་ལོག་པའི་དུས་ཚོད་མེད།

ཧ་ལམ་ལས་ཀ་དེ་ཕ་མ་ལས་གལ་ཆེ་བ་ཡོད་བསམ།

མཚམས་རེ་ཐེངས་མ་གཅིག་ཙམ་གཉིས་ཙམ་ནང་ལ་ལོག་པའི་དུས་སུ།

ཁྱེད་གཉིས་རྒས་ཚར་ཤག་ངོ་མ་རྒས་ཚར་ཤག།

བུ་ངའི་སེམས་ཀྱི་བརྟེན་ས་དྲིན་ཆེན་ཡབ་ཡུམ་ལགས།

ད་ལྟ་བར་དུ་བཀའ་དྲིན་གསོ་རྒྱུ་བྱུང་མ་སོང།

དགོངས་བཞེས་གནང་རོགས་ང་ཡི་འགྲམ་ལ་བཞུགས་རོགས་གནང།

ནམ་ཡང་བཞུགས་རོགས།

བོད་གཞས་གསན་པར་ཐུགས་བརྗེ་ཆེ།

ཕ་མ་གཉིས་ཀྱིས་ངའི་ལང་ཚོར་འོད་ཟེར་སྦྱིན།

ང་ཡིས་ཁྱེད་གཉིས་ཀྱི་ལང་ཚོ་སྣང་མེད་ཆུ་ལ་བསྐུར།

ཕ་་མ་གཉིས་ཀྱི་ངའི་ཆེད་དུ་ཡོད་ཚད་བློས་གཏོང་བྱེད།

མི་ཚེ་འདི་ལ་ཆད་བསྡད་པ་ཁྱེད་གཉིས་ཡིན།

ཐེངས་མ་གཅིག་ཙམ་ནང་ལ་ལོག་པའི་དུས་ཚོད་མེད།

ཧ་ལམ་ལས་ཀ་དེ་ཕ་མ་ལས་གལ་ཆེ་བ་ཡོད་བསམ།

མཚམས་རེ་ཐེངས་མ་གཅིག་ཙམ་གཉིས་ཙམ་ནང་ལ་ལོག་པའི་དུས་སུ།

ཁྱེད་གཉིས་རྒས་ཚར་ཤག་ངོ་མ་རྒས་ཚར་ཤག།

བུ་ངའི་སེམས་ཀྱི་བརྟེན་ས་དྲིན་ཆེན་ཡབ་ཡུམ་ལགས།

ད་ལྟ་བར་དུ་བཀའ་དྲིན་གསོ་རྒྱུ་བྱུང་མ་སོང།

དགོངས་བཞེས་གནང་རོགས་ང་ཡི་འགྲམ་ལ་བཞུགས་རོགས་གནང།

ནམ་ཡང་བཞུགས་རོགས།

࿄࿄࿄࿄࿄࿄

བུ་ངའི་སེམས་ཀྱི་བརྟེན་ས་དྲིན་ཆེན་ཡབ་ཡུམ་ལགས།

སེམས་ཁྲལ་འོག་ལ་ཁྱེད་གཉིས་ལང་ཚོ་ངས་བསྐྱལ་སོང།

དགོངས་བཞེས་གནང་རོགས་ང་ཡི་འགྲམ་ལ་བཞུགས་རོགས་གནང།

བཀའ་དྲིན་གསོས་ཆོག།

བཀའ་དྲིན་གསོས་ཆོག།

༼གལ་ཏེ་ཁྱོད་ཀྱི་ཕ་མ་གཉིས་པོ་བདེ་ཐང་ཡིན་ན།༽

༼ཁྱོད་ནི་འཇིག་རྟེན་འདིའི་ཐོག་གི་བདེ་སྐྱིད་ལྡན་པའི་མི་དེ་ཡིན།༽

滚动歌词贡献者:岗•拉贵

下载地址:

此为隐藏内容,需人机验证后查看下载!