作词 : 岗•拉贵
作曲 : 岗•拉贵
编曲 : 岗•拉贵
༼ ཆུང་འདྲིས་དྲན་གླུ། ༽
ཚིག་གདངས་ བསྒྱུར་བཟོ།།
གཞས་མ་ གོང་དཀར་ལྷག་སྒྲོན།།
གཞས་པ་ པ་སངས་རྡོ་རྗེ།།
གཞས་ཚིག་སྒྲིག་བཟོ་འགྲེམ་སྤེལ་ སྒང་·ལྷག་རྒོད།།
ཆུང་འདྲིས་བྱམས་པ་ཡིད་ལ་འཁོར།།
སེམས་སྡུག་གིས་ང་ཡིས་ཁྱེད་རང་དྲན།།
མིག་ཆུ་ནི་རང་དབང་མེད་པར་ཤོར།།
མིག་ཆུ་ནི་རང་དབང་མེད་པར་ཤོར།།
དཀོན་མཆོག་ལ་སྨོན་ལམ་རྒྱབ་པ་ཡིན།།
ཆུང་འདྲིས་ཁྱེད་ལན་གཅིག་ང་ལ་གནང།།
ཕྱིས་བྱུང་ནི་ང་ཡི་མགྲོན་དུ་སླེབས།།
ཆུང་འདྲིས་ཁྱེད་དང་ལས་ཡོད་པ་ཤེས།།
གླུ་གཞས་འགྲེམ་སྤེལ་མཁན་ སྒང་·ལྷག་རྒོད།།
བོད་གཞས་གསན་པར་ཐུགས་རྗེ་ཆེ།།
བྲལ་བའི་ཆུང་འདྲིས་ཡིད་ལ་འཁོར།།
སེམས་སྡུག་གིས་བུ་ང་ཁྱེད་རང་དྲན།།
མིག་ཆུ་ནི་རང་དབང་མེད་པར་ཤོར།།
མིག་ཆུ་ནི་རང་དབང་མེད་པར་ཤོར།།
དཀོན་མཆོག་ལ་སྨོན་ལམ་རྒྱབ་པ་ཡིན།།
ཆུང་འདྲིས་ཁྱེད་ལན་གཅིག་འཕྲད་རོགས་གནང།།
ཆུ་མོ་ཤང་ཤང་རྒྱུགས་པའི་སྐབས།།
ཆུང་འདྲིས་དང་ལས་ཡོད་པ་ཤེས།།
གླུ་ལེན་མཁན་ གོང་དཀར་ལྷག་སྒྲོན་དང་པ་སངས་རྡོ་རྗེ།།
ཆུང་འདྲིས་བྱམས་པ་ང་གཉིས་མཇལ།།
བྲལ་བའི་མི་གཉིས་མཇལ་བའི་སྐབས།།
མིག་ཆུ་ནི་རང་དབང་མེད་པར་ཤོར།།
མིག་ཆུ་ནི་རང་དབང་མེད་པར་ཤོར།།
སྨོན་ལམ་ནི་གྲུབ་པའི་དུས་དེ་ལ།།
དགའ་བའི་ཆུང་འདྲིས་གཉིས་མཉམ་དུ་བྱུང།།
སྤང་རྒྱན་མེ་ཏོག་བཞད་པའི་སྐབས།།
བཀྲ་ཤིས་ཀྱི་རྟེན་འབྲེལ་འགྲིག་པ་ཡིན།།
ལྭ་…ལྭ་…ལྭ་…
ལྭ་…ལྭ་…ལྭ་…
滚动歌词贡献者:岗•拉贵

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |