谢旦-良缘歌曲免费下载

《谢旦-良缘》歌曲详情

作曲 : 仁增太

རྟེན་འབྲེལ།

གཞས་ཚིག སྦྲང་དཀར་རྩམ་པ།

གཞས་དབྱངས། རིག་འཛིན་ཐར།

གཞས་པ། ཤེར་བསྟན།

ཇུས་འགོད། ཧོར་བྲག་སྲས།

སྟོན་བ་མོའི་ཟིལ་བ་ཁྲོམ་སེ་ཁྲོམ།།

ལུག་གཡང་དཀར་བལ་ཁ་ཤིག་སེ་ཤིག།

དྲིན་ཕ་མ་ཡོད་སའི་རུ་སྡེ་ལ།།

སྐྱིད་མཚོ་མོ་འདྲ་ཞིག་རྒྱས་པར་ཤོག།

རྟེན་འབྲེལ་ལ་བཟང་པོ་ཡོད།།

དྲིན་ཕ་མ་ཡོད་སའི་རུ་སྡེ་ལ།།

སྐྱིད་མཚོ་མོ་འདྲ་ཞིག་རྒྱས་པར་ཤོག།

གཡང་མར་ཁུ་འདྲ་ཞིག་འཁྱིལ་བར་ཤོག།

གཡང་མར་ཁུ་འདྲ་ཞིག་འཁྱིལ་བར་ཤོག།

སྟག་ཤར་ལུའི་སྡེ་ལུང་འགྲིམ་སེ་འགྲིམ།།

སྨན་བུ་མོའི་འཛུམ་ཆུང་ཤིག་སེ་ཤིག།

ནང་ན་ཟླ་འཛོམས་སའི་སྡེ་གྲོང་ལ།།

འདང་བརྩེ་བའི་རི་མོ་འཁྱུག་སེ་ཡོད།།

བརྩེ་བ་ལ་ཟབ་མོ་ཡོད།།

ནང་ན་ཟླ་འཛོམས་སའི་སྡེ་གྲོང་ལ།།

འདང་བརྩེ་བའི་རི་མོ་འཁྱུག་སེ་ཡོད།།

ཚིག་སྙན་མོའི་མགོ་རྐང་དམ་སེ་ཡོད།།

ཚིག་སྙན་མོའི་མགོ་རྐང་དམ་སེ་ཡོད།།

རྐྱང་ཁ་དཀར་རྔོག་ཆུང་ཤིག་སེ་ཤིག།

འབྲི་ཐུལ་མའི་ངུར་རྒྱངས་ལྷང་སེ་ལྷང་། །

སྦྲ་རོག་རོག་ཅན་གྱི་འབྲོག་སྡེ་ལ།།

ནོར་ལོངས་སྤྱོད་མཁའ་དང་མཉམ་པར་ཤོག།

བསོད་ནམས་ལ་བཟང་པོ་ཡོད།

སྦྲ་རོག་རོག་ཅན་གྱི་འབྲོག་སྡེ་ལ། །

ནོར་ལོངས་སྤྱོད་མཁའ་དང་མཉམ་པར་ཤོག།

སྡེ་འདི་ཡི་ངོ་སོ་ཡར་ལ་བསྟོད། །

སྡེ་འདི་ཡི་ངོ་སོ་ཡར་ལ་བསྟོད། །

སྡེ་འདི་ཡི་ངོ་སོ་ཡར་ལ་བསྟོད། །

下载地址:

此为隐藏内容,需人机验证后查看下载!