谢旦-爱不变歌曲免费下载

《谢旦-爱不变》歌曲详情

作曲 : 赛吾.索南扎巴

作词 : 尼玛才仁

ངའི་བསམ་པ་ཁྲ་ཡག་རྫ་རི་ཡིན།

རྫ་ཁྲ་ཡག་རང་དགར་ཞིག་དུས་མེད།

གནའ་རྒྱ་མོ་ཁྱོད་ཀྱི་སེམས་ཡིན་ན། ཡེ།

རྫ་ཁྲ་ཡག་གཏན་གྱི་ཁྱིམ་གཞིས་ཡིན།

ཧོ་ཨོ་ཨོ། ཨོ་ཡེ་ཡེ།

རྩྭ་ཟ་ས་ཞིག་དང་གཡེལ་ས་ཞིག ཡེ།

རྫ་ཁྲ་ཡག་ཁྲོད་ཀྱི་སྤང་ལ་ཡོད།

ངའི་བསམ་པ་ཁྲ་ཡག་རྫ་རི་ཡིན།

རྫ་ཁྲ་ཡག་རང་དགར་ཞིག་དུས་མེད།

ཐོག་བཙན་པོའི་རྒོལ་བ་མ་བྱུང་བར། ཡེ།

གནའ་རྒྱ་མོའི་ལས་དབང་བཅོལ་ན་ཆོག

ཧོ་ཨོ་ཨོ། ཨོ་ཡེ་ཡེ།

རླུང་ལྷགས་པས་འཚེ་བ་བྱུང་དུས་སུ། ཡེ།

ངའི་ལུས་ཕུང་ལྷགས་པའི་ཡོལ་བ་ཡིན།

ཧོ་ཧོ་ཨོ། འོ་ཨོ་ཨོ།

དཔྱིད་སྦྲང་ཆར་སྤང་ལ་འབབ་དུས་སུ། ཡེ།

ངའི་མཛེས་སྡུག་སེམས་ཀྱི་མེ་ཏོག་ཡིན།

དཔྱིད་སྦྲང་ཆར་སྤང་ལ་འབབ་དུས་སུ། ཡེ།

ངའི་མཛེས་སྡུག་སེམས་ཀྱི་མེ་ཏོག་ཡིན།

ངའི་མཛེས་སྡུག་སེམས་ཀྱི་མེ་ཏོག་ཡིན།

下载地址:

此为隐藏内容,需人机验证后查看下载!