谢旦-吉祥锅庄歌曲免费下载

《谢旦-吉祥锅庄》歌曲详情

བཀྲ་ཤིས་སྐོར་བྲོ།

གཞས་ཚིག ཁྲི་ལུང་རྟོགས།

དབྱངས། སྙིང་སྟོབས།

ལེན་མཁན། ཤེར་བསྟན།

བསྭོ། བཀྲ་ལ་ཤིས་པའི་སྐོར་བྲོ།

བསྭོ། སྟག་ཤར་གཞོན་ནུས་རྒྱོབས་ཤོག

བསྭོ། བདུད་རྩི་བསིལ་མའི་མཆོད་ཆང་།

སྨན་ཆུང་བུ་མོས་དྲངས་ཡོང་།

བསྭོ། བྲོ་ར་གོར་མོའི་ནང་ལ།

དགའ་བའི་དགོད་སྒྲ་ལྷང་ལྷང་།

བསྭོ། བཀྲ་ལ་ཤིས་པའི་སྐོར་བྲོ།

བསྭོ། ན་ཆུང་བུ་མོས་ཁྲོབས་ཤོག

བསྭོ། དགའ་འཁྱིལ་ནོར་བུའི་རྔ་ཆུང་།

གཞོན་པ་ང་ཚོས་བརྡུང་ཡོང་།

བསྭོ། བྲོ་ར་གོར་མོའི་ནང་ལ།

སྐྱིད་པའི་འཛུམ་ཆུང་བཞད་སོང་།

བསྭོ། བཀྲ་ལ་ཤིས་པའི་སྐོར་བྲོ།

བསྭོ། ཚང་མས་མཉམ་དུ་ཁྲོབས་ཤོག

བསྭོ། སེམས་པ་གཅིག་ལ་མཐུན་པའི།

རྡོག་བྲོའི་སྟངས་སྟབས་ཡག་སོང་།

བསྭོ། བྲོ་ར་གོར་མོའི་ནང་ལ།

བཀྲ་ཤིས་མཚོ་མོ་འཁྱིལ་སོང་།

བསྭོ། བྲོ་ར་གོར་མོའི་ནང་ལ།

བཀྲ་ཤིས་མཚོ་མོ་འཁྱིལ་སོང་།

བྲོ་ར་གོར་མོའི་ནང་ལ།

བཀྲ་ཤིས་མཚོ་མོ་འཁྱིལ་སོང་།

下载地址:

此为隐藏内容,需人机验证后查看下载!