拉桑加-野花辞歌曲免费下载

《拉桑加-野花辞》歌曲详情

作词 : 拉桑加

作曲 : 拉桑加

编曲 : 拉桑加

རི་སྒང་མེ་ཏོག

ཚིག ལྷག་བསམ་རྒྱལ།

དབྱངས། ལྷག་བསམ་རྒྱལ།

ལེན་མཁན། ལྷག་བསམ་རྒྱལ།

རི་སྒང་མེ་ཏོག་མ།

རི་དྭགས་འདྲོག་འདྲ་མ།

གཏམ་ཚིག་གསུམ་གོང་ནས་ལ་གླུ་ཞིག།

རྐང་གོམ་གསུམ་མཚམས་ནས་ཟུར་མིག་ཅིག

རྟགས་རྟེན་འབྲེལ་འགྲིག་པའི་ཐོག་མ་རེད།

རི་སྒང་མེ་ཏོག་མ།

རི་དྭགས་འདྲོག་འདྲ་མ།

ཡུ་མོ་ཚེ་རིང་ཡིད་ལ་ཡོད་ན།

ཤ་ཕོ་བཀྲ་ཤིས་ཤར་ནས་སླེབས་ཡོང་།

ཨོ

གླུ་ཆུང་སྙན་སོང་།

འཛུམ་མདངས་མཛེས་སོང་།

རི་སྒང་མེ་ཏོག་མ།

ཕར་ལ་མ་འགྲོ།

ཚུར་ལ་ཤོག་དང་།

རི་སྒང་མེ་ཏོག

རི་སྒང་མེ་ཏོག་མ།

རི་མོ་བྲིས་འདྲ་མ།

རི་ལ་ཉིན་གཅིག་ཡོང་དུས་གཏུག་པ་འདྲ།

ངོ་ལ་ལན་གཅིག་འཕྲད་དུས་འདྲིས་པ་འདྲ།

ལས་ཀྱིས་མོས་པ་གནང་བའི་རྟེན་འབྲེལ་ཡིན།།

ཨོ

རི་སྒང་མེ་ཏོག་མ།

རི་མོ་བྲིས་འདྲ་མ།

སྤང་རྒྱན་མེ་ཏོག་སྤང་ལ་བཞད་པས།

གཡུ་སྦྲང་གཞོན་ནུས་གླུ་ཆུང་ལེན་ཡ།

རྒྱན་ཆ་ལེགས་སོང་།

སྟངས་སྟབས་མཛེས་སོང་།

རི་སྒང་མེ་ཏོག་མ།

ཕར་ལ་མ་འགྲོ།

ཚུར་ལ་ཤོག་དང་།

རི་སྒང་མེ་ཏོག

下载地址:

此为隐藏内容,需人机验证后查看下载!