拉桑加-幻想歌曲免费下载

《拉桑加-幻想》歌曲详情

作词 : 拉桑加

作曲 : 拉桑加

编曲 : 拉桑加

འཁྲུལ་སྣང་།

ཚིག ལྷག་བསམ་རྒྱལ།

དབྱངས། ལྷག་བསམ་རྒྱལ།

ལེན་མཁན། ལྷག་བསམ་རྒྱལ།

རྒྱུ་འབྱོར་གྱི་མཚོ་མོ་འཁྱིལ་ཡང་།།

འགྲན་རྩོད་གྱི་རླབས་ཕྲེང་འཕྱོ་བས།།

ངའི་ལོངས་སྤྱོད་ལ་སྤྲོ་སྣང་མི་འདུག

གཡུ་འབྲུག་གིས་སྙན་གྲགས་སྒྲོག་ཀྱང་།

གྲགས་འདོད་ཀྱི་ནམ་མཁའ་ཡངས་པས།།

ངའི་མཚན་སྙན་ལ་ངོམ་པ་མི་འདུག

ཟང་ཟིང་གི་འཚོ་བའི་ཁྲོད་ནས།།

དོན་མེད་ལ་མི་ཚེ་ཟད་སོང་།།

འགྲན་རྩོད་ཀྱི་ཁྲོད་ནས།

རེ་དོགས་ཀྱི་ཁྲོད་ནས།

ངའི་རིན་ཆེན་མི་ཚེ་ཟད་སོང་།།

མ་དག་གི་འཇིག་རྟེན་འདི་རུ།།

ལྷིང་འཇགས་ཀྱི་དག་ཞིང་ཨེ་ཡོད།།

ལྷིང་འཇགས་ཀྱི་དག་ཞིང་ཡོད་ན།།

བུ་ཆུང་ང་དེ་ན་ཁྲིད་རོགས།།

འཛམ་གླིང་གི་རྗེ་བོ་ཡིན་ཡང་།།

དབང་བསྒྱུར་ལ་འཛད་པ་མེད་པས།།

ངའི་ཐོབ་ཐང་ལ་དུང་བ་མི་འདུག

རང་དོན་གྱི་རི་བོ་མཐོ་ཞིང་།།

མཚན་སྙན་ལ་འཚང་ཁ་ཆེ་བས།།

ངའི་ཡོད་ཚད་ལ་ཡི་རང་མི་འདུག

ཟང་ཟིང་གི་འཚོ་བའི་ཁྲོད་ནས།།

དོན་མེད་ལ་མི་ཚེ་ཟད་སོང་།།

འགྲན་རྩོད་ཀྱི་ཁྲོད་ནས།

རེ་དོགས་ཀྱི་ཁྲོད་ནས།

ངའི་རིན་ཆེན་མི་ཚེ་ཟད་སོང་།།

མ་དག་གི་འཇིག་རྟེན་འདི་རུ།།

ལྷིང་འཇགས་ཀྱི་དག་ཞིང་ཨེ་ཡོད།།

ལྷིང་འཇགས་ཀྱི་དག་ཞིང་ཡོད་ན།།

བུ་ཆུང་ང་དེ་ན་ཁྲིད་རོགས།།

下载地址:

此为隐藏内容,需人机验证后查看下载!