仁青卓玛-糌粑之缘歌曲免费下载

《仁青卓玛-糌粑之缘》歌曲详情

作词 : 岗华

作曲 : 仁青卓玛

编曲 : 仁青卓玛

སྐྱིད་ས་རང་ཡུལ་ལུང་པའི།།

གཡང་ར་སྒོ་བཞིའི་བདག་པོ།།

བློ་སེམས་དཀར་བའི་མི་ལ།།

རྒྱ་ཞིང་ཆུ་མའི་བདག་པོ།།

བསམ་པའི་གུར་ཆེན་ནང་ལ།།

དེ་རིང་འཛོམ་པས་དགའ་ཤོག།

མི་ངོ་ལྷ་ངོ་འཕྲོད་ཉིན།།

སེམས་པའི་དཀྱིལ་ནས་སྤྲོ་ཤོག།

ཁྱེད་ནི་ཕྱྭ་ཡི་མི་རེད།།

འབྲི་མར་སེར་པོ་ཁྱེར་ཤོག།།

ང་ནི་དམུ་ཡི་མི་རེད།།

སྔོན་མོ་འབྲུ་ཆེན་ཁྱེར་ཡོང་།།

རོང་འབྲོག་གཉིས་ཀྱི་སེམས་པ།།

དར་ཚེའི་ནང་ལ་འཁྱིལ་ཡོད།།

ང་ཚོ་ལས་ཀྱིས་འཛོམ་པ།།

སྦྲང་དཀར་རྩམ་པས་སྦྲེལ་ཡོད།།

དེ་རིང་འཛོམ་པའི་མི་ལ།།

ཆོས་གཡང་ཕུགས་ལ་འཁོར་ཤོག།

མི་གཡང་ཁྱིམ་ལ་འབྲེལ་ཤོག།

ནོར་གཡང་མཛོད་ལ་འཁྱིལ་ཤོག།

དེ་རིང་འཛོམ་པའི་མི་ལ།།

ཕྱུགས་གཡང་ར་ལ་འཁྱིལ་ཤོག།

གོས་གཡང་སྒམ་ལ་འཁྱིལ་ཤོག།

ཟས་གཡང་སྣོད་ལ་འཁྱིལ་ཤོག།

ང་ནི་ཕྱྭ་ཡི་མི་ཡིན།།

འབྲི་མར་སེར་པོ་ཁྱེར་ཡོང་།།

ང་ནི་དམུ་ཡི་མི་ཡིན།།

སྔོན་མོ་འབྲུ་ཆེན་ཁྱེར་ཡོང་།།

རོང་འབྲོག་གཉིས་ཀྱི་སེམས་པ།།

དར་ཚེའི་ནང་ལ་འཁྱིལ་ཡོད།།

ང་ཚོ་ལས་ཀྱིས་འཛོམ་པ།།

སྦྲང་དཀར་རྩམ་པས་སྦྲེལ་ཡོད།།

歌词大意

山清水秀是故乡

庭院深深福满院

田地阡陌绿如茵

情如天地心如雪

今乃吉时宜欢聚

你来自高山牧场

请带上金黄的酥油

我来自农家田园

我带上饱满的青稞

我们在此相聚

缘于糌粑的清香

在此相聚的人们

将拥有福禄寿运

在此相聚的人们

将家畜满院五谷丰登

下载地址:

此为隐藏内容,需人机验证后查看下载!