仁青卓玛-牧人歌曲免费下载

《仁青卓玛-牧人》歌曲详情

编曲 : 王东/Gunz A La Tomma

作词 : 岗华

作曲 : 仁青卓玛

翻译:华则

录音:Jason Miro@UM Studio

混音:仁青东智

艺术顾问:钱铃戈

གཤོག་པས་ས་ཆེན་ལ་བསིལ་བ་གནང་བའི་ཁྱུང་ཆེན་གྱི་སྤྲུལ་བ།

བརྟན་གཡོའི་རྔམ་ཟིལ་གྱི་མཛེས་སྡུག་ཁུར་བའི་ཡ་གླིང་གི་སེང་གེ

ཨོ། གདོང་ལ་ཉི་དྲེག་ཆགས་པའི་སྒམ་བརླིང་གི་འབྲོག་པ།

རུས་པ་རང་བྱུང་ལ་བསྟིམས་ཤིང་།

ཤ་ཁྲག་རྒོད་པོར་སྦྱིན་པའི་མགོན་མེད་ཀྱི་ཟས་སྦྱིན།

ཁྱེད་ཀྱི་རང་གཤིས་སྲ་བརྟན་ཡིན་པ་ནི་རི་བྲག་ལ་དཔེ་བལྟས་པས་ཡིན།

ཁྱེད་ཀྱི་བློ་ཁོག་དཀྱེལ་ཆེ་བ་ནི་རྩྭ་ཐང་ལ་བྲང་ཁ་གླན་པས་ཡིན།

ཁྱེད་ཀྱི་སྐད་གསང་མཐོ་བ་ནི་རྫ་ཆུས་ངག་སྒོ་ཕྱེས་པས་ཡིན།

ཁྱེད་ཀྱི་གཤིས་ཀ་མཁྲེགས་པ་ནི་རྐྱང་འབྲོང་ལ་འདྲིས་ཆེ་བས་ཡིན།

ཧ་འོ་་་་་་ཧ་འོ་་་་་་

ཐུགས་བསྐྱེད་གངས་ལ་བཞག་པས་བསམ་པ་དཀར།

གངས་ཆུ་རུས་ལ་འཐིམ་པས་གཞུང་རྒྱུད་དྲང་།

ས་བདག་གཞི་བདག་ལ་སྐྱེས་པའི་མེས་པོའི་རྣམ་ཤེས།

ནམ་མཁའ་དང་སྤྲིན་དཀར་གོས་སུ་གོན་པའི་འབྲོག་པ་ཡ།

ཁྱེད་ཀྱིས་རང་ཉིད་སྐྱེས་རི་དང་ཉེ་བར་བཏུད་དེ། ཡ།

ཉི་ཟླའི་འོད་ཟེར་གྱིས་བཀྲུས་པའི་དྭངས་གཙང་གི་སེམས་པ། འོ།

དྭངས་གཙང་གི་སེམས་པ་ཡང་རང་བྱུང་ལ་ཕུལ་ཡོད།

གཤོག་པས་ས་ཆེན་ལ་བསིལ་བ་གནང་བའི་ཁྱུང་ཆེན་གྱི་སྤྲུལ་བ།

བརྟན་གཡོའི་རྔམ་ཟིལ་གྱི་མཛེས་སྡུག་ཁུར་བའི་ཡ་གླིང་གི་སེང་གེ

ཨོ། གདོང་ལ་ཉི་དྲེག་ཆགས་པའི་སྒམ་བརླིང་གི་འབྲོག་པ།

རུས་པ་རང་བྱུང་ལ་བསྟིམས་ཤིང་།

ཤ་ཁྲག་རྒོད་པོར་སྦྱིན་པའི་མགོན་མེད་ཀྱི་ཟས་སྦྱིན།

ཤ་ཁྲག་རྒོད་པོར་སྦྱིན་པའི་མགོན་མེད་ཀྱི་ཟས་སྦྱིན།

ཁྱེད་ཀྱི་རང་གཤིས་སྲ་བརྟན་ཡིན་པ་ནི་རི་བྲག་ལ་དཔེ་བལྟས་པས་ཡིན།

ཁྱེད་ཀྱི་བློ་ཁོག་དཀྱེལ་ཆེ་བ་ནི་རྩྭ་ཐང་ལ་བྲང་ཁ་གླན་པས་ཡིན།

ཁྱེད་ཀྱི་སྐད་གསང་མཐོ་བ་ནི་རྫ་ཆུས་ངག་སྒོ་ཕྱེས་པས་ཡིན།

ཁྱེད་ཀྱི་གཤིས་ཀ་མཁྲེགས་པ་ནི་རྐྱང་འབྲོང་ལ་འདྲིས་ཆེ་བས་ཡིན།

ཧ་འོ་་་་་་ཧ་འོ་་་་་་འབྲོག་པ་ཡ།

འབྲོག་པ་ཡ། འབྲོག་པ་ཡ། འབྲོག་པ་ཡ། འབྲོག་པ་ཡ།

下载地址:

此为隐藏内容,需人机验证后查看下载!