编曲 : 阿克卓巴组合
ས་ཆེན་རྩེ་མོའི་ཨ་མདོ།
云巅安多
ཚིག ཨ་མདོའི་མེས་ཟུངས།
词:安多魅颂
གདངས། ཨ་མདོའི་པདྨ།
曲:安多白玛
ལེན་མཁན། ཨ་ཁུ་འབྲོག་པའི་རོལ་དབྱངས་ཚོགས་པ།
演唱:阿克卓巴乐队
未经过允许不得翻唱或录音发布
ནམ་མཁའ་མི་འགྱུར་འཁོར་ལོ་རྩེ་བརྒྱད་བརྗིད།།
ས་གཞི་མི་འགྱུར་པད་མ་འདབ་བརྒྱད་བཀྲ།།
རི་ཆུ་མི་འགྱུར་བཀྲ་ཤིས་རྟགས་བརྒྱད་རྔམ།།
གཤོག་བརྒྱད་གཞིས་ཁྱིམ་ཆགས་ཡུལ་འཛམ་གླིང་རྩེ།།
མཐོ་སྒང་འབྲོག་སྡེ་མ་ཆགས།།
མཐོ་སྒང་འབྲོག་སྡེ་ཆགས་ཡོད།།
ས་ཆེན་གོ་ལའི་ཡང་རྩེ་ལ།།
སྦྲ་ཁྱིམ་འབྲོང་ཁྱུ་འདྲ་ཞིག་ཆགས་ཡོད།།
ཏི་སེ་གཉིས་པ་སྐུ་ལྷ་དར་མདུང་བརྗིད།།
མ་ཕམ་གཉིས་པ་མཚོ་ནག་གནའ་གཏམ་རིང་།
སྒོ་ཕྱུགས་རྟ་ནོར་ལུག་གསུམ་བག་ཡངས་རྩེན།།
གཤོག་བརྒྱད་འབྲོག་སྡེའི་ཁྱད་ཆོས་འདི་ཚོ་རེད་ལོ།།
ཡར་ཁམས་འབྲོག་སྡེ་མ་ཆགས།།
ཡར་ཁམས་འབྲོག་སྡེ་ཆགས་ཡོད།།
ས་ཆེན་གོ་ལའི་ཡང་རྩེ་ལ།།
ཚོ་བ་རྒྱ་མཚོ་འདྲ་ཞིག་ཆགས་ཡོད།།
སྟག་ཤར་ཝ་ཞྭ་ཅན་གྱི་རུ་དར་རྔམ།།
སྨན་ཆུང་ཚར་ཞྭ་ཅན་གྱི་ལང་ཚོ་མཛེས།།
ཞྭ་མོ་ཐོབ་སྤྱི་ཅན་འདི་ལོ་རྒྱུས་མང་།
གཤོག་བརྒྱད་ཨ་མདོའི་ཁྱད་ཆོས་དེ་ཚོ་རེད་ལོ།།
གཤོག་བརྒྱད་ཨ་མདོ་མ་ཆགས།།
གཤོག་བརྒྱད་ཨ་མདོ་ཆགས་ཡོད།།
ས་ཆེན་གོ་ལའི་ཡང་རྩེ་ལ།།
རུ་སྡེ་མར་ཁུ་འདྲ་ཞིག་ཆགས་ཡོད།།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |