འདི་ཡན་གི་རྟེན་འབྲེལ་འགྲིག་པ་མེད།
ཚིག ཉི་གཞོན།
དབྱངས། ཤེར་བྷ།
ལེན་མཁན། ཚེ་དབང་ལྷ་མོ།
ཇུས་འགོད། ཧོར་བྲག་སྲས།
དགུང་ཨ་སྔོན་གཡུ་གདན་གྲུ་བཞི་རེད།།
ཤར་ཁྲི་གདུགས་པ་ཏྲའི་རི་མོ་རེད།།
འབྲུག་ཕོ་ཁྱུང་གདན་ལ་འཛོམས་སོང་ན།།
འདི་ཡན་གི་རྟེན་འབྲེལ་འགྲིག་པ་མེད།།
འདི་ཡན་གི་རྟེན་འབྲེལ་འགྲིག་པ་མེད།།
ས་དོག་མོ་དངུལ་དཀར་མེ་ལོང་རེད།།
མཚོ་དྭངས་མོ་གཡུ་ཡི་ཕྲ་རྒྱན་རེད།།
ཉ་གསེར་མིག་འཁྱུག་རྩལ་འཛོམས་སོང་ན།།
འདི་ཡན་གི་རྟེན་འབྲེལ་འགྲིག་པ་མེད།།
འདི་ཡན་གི་རྟེན་འབྲེལ་འགྲིག་པ་མེད།།
སྡེ་ཆེན་པོ་གཡང་གི་ར་བ་རེད།།
གཞོན་ཕོ་མོ་སྡེ་ནང་ནོར་བུ་རེད།།
དྲིན་ཕ་མ་སྐུ་ཚེ་བརྟན་སོང་ན།།
འདི་ཡན་གི་རྟེན་འབྲེལ་འགྲིག་པ་མེད།།
འདི་ཡན་གི་རྟེན་འབྲེལ་འགྲིག་པ་མེད།།
འདི་ཡན་གི་རྟེན་འབྲེལ་འགྲིག་པ་མེད།།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |