万能的班玛-远方歌曲免费下载

《万能的班玛-远方》歌曲详情

作词 : 万能的班玛

作曲 : 万能的班玛

编曲 : 万能的班玛

རྒྱང་རིང་།

ཚིག་དབྱངས། པདྨ།

ཕ་ཡུལ་དང་བྲལ་བ་ནས་བཟུང་། །

ཉམས་མྱོང་ཡང་གང་མང་ཞིག་ཐོབ་སོང་། །

མཚམས་ལན་རེར་རང་ཉིད་བྱིས་པ་ཞིག་དང་འདྲ། །

ཐོབ་འདོད་པ་མང་པོ་མང་པོ་ཞིག །

འགྲུབ་ཡོད་པ་ཉུང་ཉུང་ཉུང་ཉུང་ཞིག །

གང་ལྟར་མི་ཚེ་ཐེངས་གཅིག་རེད། །

མི་གཞན་པའི་ཁ་ངོར་ལྟ་དགོས་མེད། །

མི་གཞན་པས་ཅི་བཤད་ཉན་དགོས་མེད། །

ང་རང་ཉིད་རང་གི་ཆེད་དུ་གསོན། །

ལམ་ཡག་རུང་བཙོག་རུང་འདུག་མི་ཆོག །

ད་ང་ཐག་རིང་ཡུལ་ལ་འགྲོ།

ང་ལ་དྲི་བ་ཞིག་ཡོད། ཁྱོད་ལ་རེ་བ་ཞིག་ཡོད།

ད་ང་རང་ཡུལ་འབྲལ་ནས་འགྲོ།

ང་ལ་དྲི་བ་ཞིག་ཡོད།ཁྱོད་ལ་རེ་བ་ཞིག་ཡོད།

ད་ང་རང་ཉིད་བཙལ་དུ་ཐག་རིང་ལ་འགྲོ།

ང་ལ། གངས་ལྗོངས་པི་ཝིང་དཀར་པོ་དགེ་བྷེ།

གཡུ་རྩེའི་བླ་བུ་གླུ་རྒྱལ་ཤེར་བསྟན།

ཨ་མཆོག་ཕུལ་བྱུང་ལྟ་བུའི་ནུས་པ་མེད་རུང་།

རང་ནུས་ཀྱིས་གླུ་དབྱངས་འབད་རྒྱུ་དང་བག་ཕེབས་ངང་འདུག་རྒྱུ།

གངས་རི་དང་རྫ་རི་འདི་འཇིག་པ་མེད་ན།

ང་པདྨ་ཡི་གླུ་ཚིག་དང་དབྱངས་རྟ་ཡང་ཟད་མཐའ་མེད།

ནོར་བ་མེད། བོར་ཡ་མེད། གཏན་དུ་འགྱུར་བ་མེད།

ང་ཡིས་གཟན་ཤམ་དམར་པོ་མེ་བསྲེགས་ནས།

ཕ་ཡུལ་ལུང་པ་རྒྱབ་ནས་བསྐྱུར་ཡང་།

ངའི་རང་ཉིད་ལ་དམ་བཅའ་བྱས་མྱོང་།

ངའི་ཁྱིམ་མི་ལ་དམ་བཅའ་བྱས་མྱོང་།

སྡུག་གི་དཀའ་སྡུག་མྱང་རབ་ངས་ཕ་ལོར་མ་གླེང་།

བར་ཐག་ཅི་ཙམ་རིང་རུང་ངས་གྲོགས་པོ་ཚོ་མ་བརྗེད།

ཆར་རླུང་ཅི་འདྲིའི་ཆེ་རུང་ངས་གོམ་མཚམས་བཞག་མ་མྱོང་།

གཞོན་ནུ་པདྨ། མདུན་དུ་རྒྱུགས་རོགས།

མ་འོངས་དང་རྒྱལ་ཁའི་ཁྱོད་རང་སྒུག་ནས་བསྡད་ཡོད།

ད་ནས་བཟུང་དེ་རང་ཉིད་དང་མི་འཚམས་པའི་མི་ཚོགས་དང་རྒྱང་དུ་བཀྱེད་དེ།

ད་ནས་བཟུང་ངས་གྲོང་ཁྱེར་གྱི་འུར་ཟིང་ལ་འཁོར་བའི་སྤྱི་ཚོགས་དང་རྒྱང་དུ་བཀྱེད་དེ།

ང་རང་གཅིག་པུ་ཁེར་རྐྱང་ངང་ཉི་ནུབ་ལ་ལྟ་འདོད།

ང་རང་གཅིག་པུ་ཁེར་རྐྱང་ངང་གླུ་དབྱངས་ལ་ཉན་འདོད།

ད་ནས་བཟུང་ང་འཕུར་ས་ཨ་སྔོན་དགུང་ཡིན།

སྟོད་པའི་མཐེ་བོང་ང་ལ་མི་དགོས།

སྙན་པའི་ཁ་ཡག་ང་ལ་མི་དགོས།

དངུལ་དང་རྒྱུ་ནོར་མང་པོ་མི་དགོས།

ང་ལ་མཁོ་བ་ནི་སང་ཉིན་གྱི་ཉི་མ་སེར་པོ།

ང་ལ་མཁོ་བ་ནི་ལྷད་མེད་ཀྱི་བརྩེ་བ་གཙང་མ།

ད་རུང་གངས་རི་དང་རྩྭ་ཐང་ཡོད་སའི་ས་ཆ་ཞིག་མཁོ།

ང་ཡིས་གཟན་ཤམ་དམར་པོ་མེ་བསྲེགས་ནས།

ཕ་ཡུལ་ལུང་པ་རྒྱབ་ནས་བསྐྱུར་ཡང་།

ངའི་རང་ཉིད་ལ་དམ་བཅའ་བྱས་མྱོང་།

ངའི་ཁྱིམ་མི་ལ་དམ་བཅའ་བྱས་མྱོང་།

སྡུག་གི་དཀའ་སྡུག་མྱང་རབ་ངས་ཕ་ལོར་མ་གླེང་།

བར་ཐག་ཅི་ཙམ་རིང་རུང་ངས་གྲོགས་པོ་ཚོ་མ་བརྗེད།

ཆར་རླུང་ཅི་འདྲིའི་ཆེ་རུང་ངས་གོམ་མཚམས་བཞག་མ་མྱོང་།

གཞོན་ནུ་པདྨ། མདུན་དུ་རྒྱུགས་རོགས།

མ་འོངས་དང་རྒྱལ་ཁའི་ཁྱོད་རང་སྒུག་ནས་བསྡད་ཡོད།

下载地址:

此为隐藏内容,需人机验证后查看下载!