洛桑Echo/婥喀曼-慢慢靠近你(Ga-le ga-ler)歌曲免费下载

《洛桑Echo/婥喀曼-慢慢靠近你(Ga-le ga-ler)》歌曲详情

ག་ལེ་ག་ལེར།

ཡེ། མིག་གིས་བལྟས་པས་སྙིང་གི་རི་མོར་ཆགས་ཚར་ཡོད།

དོ་དགོང་ཟླ་བའི་འོག་ཏུ་མཉམ་དུ་གར་ལ་རྩེན།

དོ་དགོང་ཟླ་བའི་འོག་ཏུ་མཉམ་དུ་གར་ལ་རྩེན།

དོ་དགོང་ཟླ་བའི་འོག་ཏུ་གར་ལ་རྩེན།

ཁྱེད་ནི་མེ་ཏོག་ང་ནི་ཕྱེ་མ་ལེབ་བཞིན་ནོ།།

དྲི་བསུང་ཕྱོགས་སུ་དལ་གྱིས་གཤོག་པ་རྡེབ་བཞིན་མཆིས།

བརྩེ་བའི་ཟིལ་མངར་སྙིང་གི་དབུས་སུ་ཐིམ།

རྣམ་ཤེས་འདི་ཡང་ཁྱེད་ཀྱི་ཕྱོགས་སུ་འཕུར།

མེ་ཏོག་ལྡུམ་རར་མཉམ་དུ་ལྷན་ཅིག་བགྲོད།

མེ་ཏོག་ལྡུམ་རར་མཉམ་དུ་ལྷན་ཅིག་བགྲོད།

ག་ལེ་ག་ལེར།

མཛེས་མའི་ཞལ་རས་ག་ལེ་ག་ལེར་མཇལ་བསམ་འདུག

སྙན་པའི་གླུ་དབྱངས་རྣ་བའི་བཅུད་དུ་སྦྱིན་པ་ཡིན།

རྒྱང་དུ་གྱེས་ཀྱང་སྙིང་གི་དྲན་པ་མ་ཡལ་ཕྱིར།

ག་ལེ་ག་ལེར།

བརྩེ་བའི་འཛུམ་གྱིས་ག་ལེ་ག་ལེར་ལྷན་ཅིག་བགྲོད།

དུང་བའི་དམ་བཅའ་སྙིང་གི་དབུས་སུ་བརྟན་པོར་བཞག

ཁྱེད་ནི་ང་ཡི་མི་ཚེ་འདི་ཡི་མཛེས་ལྗོངས་ཡིན།

下载地址:

此为隐藏内容,需人机验证后查看下载!