作曲 : 旦正昂加
编曲 : 旦正昂加
དྲན་ངོགས་ཀྱི་བྱམས་པ།
དགུན་ཁའི་འཁྱག་རླུང་བཙན་པོ།།
མི་རྐྱང་ལུས་ལ་ཟུག་གི།
ཞེ་ལ་ཐོག་པའི་བྱམས་པ།།
གར་ཡོད་རླུང་ལ་དྲིས་བྱུང་།།
གོམ་གང་མདུན་ལ་སྤོས་ན།།
མདུན་གྱི་འགྲོ་ལམ་དོག་གི།
རླུང་བུ་ཡར་འགྲོ་མར་འགྲོར།།
དྲིས་ཀྱང་ཨ་ལན་མེད་ཀི།
བྱམས་པ་གར་ཡོད་མ་ཤེས།།
ཞེ་སེམས་བདེ་ཐབས་མ་བྱུང་།།
བྱམས་པ་དྲན་ཐེངས་མང་པས།།
དྲན་པ་འགོག་ཐབས་མེད་ཀི།
མཚན་མོར་བྱམས་པ་དྲན་གི།
དྲན་པ་རྟ་ཕོ་གཤོག་ཐོག།
ཆུང་འདྲིས་བྱམས་པའི་ཕྱོགས་སུ།།
ཡང་ཡང་རྒྱུགས་ན་བསམ་བྱུང་།།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |