作曲 : 华青本
དྲན་པ་ན་བུན་བཞིན་དུ།
ཚིག་རྩོམ་མཁན། མེ་རླུང་།
དབྱངས་རྩོམ་མཁན། དཔལ་ཆེན་འབུམ།
གཞས་གཏོང་མཁན། དཔལ་ཆེན་འབུམ།
སྒྲ་ལེན་ཞིབ་སྡུད་པ། གཡང་རོང་ཨ་དོན།
རོལ་མོ་སྒྲིག་བཟོ་བ། བང་དུང་དུང་།
བརྙན་ཕབ་པ། ཨ་མཆོག
དྲན་པ་འདི་ན་བུན་བཞིན་དུ། །
ཡིད་སེམས་ཀྱི་རི་རྩེར་འཁྲིགས་བྱུང་། །
སྐྱོ་སྡུག་གི་ཁ་ཆར་འདྲེས་མ། །
ཁྱོད་འུ་གཉིས་སྙིང་ལ་བབས་བྱུང་། །
དུས་ཆད་ནི་གདབ་དབང་མ་བྱུང་། །
སྟེས་དབང་གི་སྟབས་ཀར་བསྒུག་ཡོད། །
ལན་གཅིག་ཙམ་འཕྲད་པ་བྱུང་ཡང་། །
ཏབ་ཅིག་ངང་འབྲལ་དགོས་ཐུག་སོང་། །
དེ་དུས་ཀྱི་དབྱར་ཁ་ཞིག་ལ། །
དབྱར་གཞུང་གི་ཕྱི་དྲོ་ཞིག་ལ། །
ཁྱོད་ཉིད་ཀྱི་རྒྱབ་གཟུགས་བུད་སོང་། །
ང་རང་གི་གྲིབ་མ་ལུས་སོང་། །
དུས་ཚོད་ཀྱི་མདའ་རྩེ་ཟད་སོང་། །
རྩི་སྔོན་གྱི་ཁ་དོག་འགྱུར་སོང་། །
ཉི་ཤར་དང་ཉི་ནུབ་བརྗེས་པའི། །
རེ་ལྟོས་ཀྱི་ཁ་གྲངས་མི་ཟིན། །
མོ་གཞོན་ཁྱོད་སྐྱོ་བའི་སྐྱོ་རོགས། །
སྙན་འཇེབས་ཀྱི་གླུ་ཡིས་ཐུབ་ན། །
ཕོ་གསར་ང་སྡུག་པའི་སྡུག་བསྔལ། །
སྐྱུར་མོ་ཡི་ཆང་གིས་ཨེ་སེལ། །
ནམ་ཞིག་ཚེ་མྱི་ཁའི་རླུང་བུ། །
ཅུང་ཟད་ཙམ་འཇགས་པ་བྱུང་ན། །
ཁྱོད་འུ་གཉིས་ཐེ་ཚོམ་མེད་པར། །
སྐེ་འཇུ་དེ་ལན་གཅིག་གནང་རོགས། །

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |