作词 : 多智合
作曲 : 德吉
དབྱངས་དང་གཞས་ཀྱིས་བསླས་པའི་མི་ཚེའི་སྨོན་འདུན་རིང་མོ།
ཚིག རྡོ་གྲགས།
དབྱངས། བདེ་སྐྱིད།
ལེན་མཁན། གངས་ཚེ་རྡོ།
ཚོར་བ་ཐམས་ཅད་ཡིད་ལ་སྒོམ་དུས།
ཡིད་ལ་འཕྲུལ་བ་མེད་པ།
ལྷ་བྱ་ཁྲུང་ཁྲུང་དཀར་མོས་ཤིས་པ་སྩོལ།
དབྱངས་རྟ་ཐམས་ཅད་དབྱངས་ལ་འགུག་དུས།
དབྱངས་ལ་འགག་པ་མེད་པ།
མགྲིན་ཡག་ཁུ་བྱུག་སྔོན་མོས་སྐྱོར་མ་མཛོད།
གཞས་ཆུང་ཐམས་ཅད་མགྲིན་ནས་ལེན་དུས།
མགྲིན་ལ་འཕྲུལ་བ་མེད་པ།
སྐད་ཡག་བྱེའུ་ཆུང་འཇོལ་མོས་ལེན་རོགས་ཡོད།
ས་དོག་མོ་ས་ཡི་གདན་ཁྲི་ལ།
འགྲོ་སེམས་ཅན་ཕ་མ་སྤུན་མཆེད་ཡིན།
ང་དགའ་དུས་སྟོད་ནས་སྟོད་ལ་འཕུར།
ང་སྐྱིད་དུས་གཞུང་ནས་གཞུང་ལ་འདུར།
གནས་གར་སྐྱིད་ས་ནས་དེ་སྐྱིད་འགྲོ་དུས།
ལམ་ལ་བར་ཆད་མེད་པ།
འདུར་རོགས་རི་སྤྱང་དར་མས་འཕྲིན་ལས་ཡོད།
རི་ཆེན་རི་ཆུང་གཤོག་པས་གཅོད་དུས།
ལུས་ལ་ངལ་བ་མེད་པ།
འཕུར་རོགས་སྐྱ་ཀ་ཁྲ་མོས་མགོན་སྐྱབས་ཡོད།
ལམ་ཆེན་ལམ་ཆུང་རྡོག་པས་གནོན་དུས།
ལམ་ལ་བར་ཆད་མེད་པ།
འགྲོ་རོགས་དུང་བྱ་དཀར་མོས་གདོང་གྲོགས་ཡོད།
དོན་ཆེན་དོན་ཆུང་དོན་ལ་གཉེར་དུས།
དོན་ཀུན་ལྷུན་གྱིས་འགྲུབ་པ།
བླ་བྱ་ཕོ་རོག་ནག་པོས་སྲུང་མ་ཡོད།
གནམ་སྔོན་པོ་གནམ་གྱི་མེ་ལོང་ལ།
རླུང་བསེར་མ་ལུས་ཀྱི་གཤོག་པ་ཡིན།
ང་དགའ་དུས་ཨ་ལོང་ལ་མོ་ལེན།
ང་སྐྱིད་དུས་འདོ་བའི་བྱང་ཆུང་ལེན།
གླུ་རེ་རེ་བླངས་ནས་རེ་རེ་ལེན་དུས།
ངག་ལ་འཕྲུལ་བ་མེད་པ།
མགྲིན་ཡག་ཁུ་བྱུག་སྔོན་མོའི་སྐྱོར་མ་ཡོད།
གནམ་སྔོན་པོ་གནམ་གྱི་མེ་ལོང་ལ།
རླུང་བསེར་མ་ལུས་ཀྱི་གཤོག་པ་ཡིན།
ང་དགའ་དུས་ཨ་ལོང་ལ་མོ་ལེན།
ང་སྐྱིད་དུས་འདོ་བའི་བྱང་ཆུང་ལེན།
གླུ་རེ་རེ་བླངས་ནས་རེ་རེ་ལེན་དུས།
ངག་ལ་འཕྲུལ་བ་མེད་པ།
མགྲིན་ཡག་ཁུ་བྱུག་སྔོན་མོའི་སྐྱོར་མ་ཡོད།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |