索普布卓玛-嘉黎美景歌曲免费下载

《索普布卓玛-嘉黎美景》歌曲详情

ལྷ་རིའི་མཛེས་ལྗོངས།

གཞས་ཚིག །ཚེ་བརྟན་རྡོ་རྗེ་དང་། འཆི་མེད་ཚེ་རིང་། ཐུབ་པ།

གཞས་དབྱངས། རག་ཤི་ཀརྨ་བསམ་གཏན།

གཞས་མ། སོག༽ ཕུར་བུ་སྒྲོལ་མ།

ཕྱི་སྣོད་མཛེས་ལྗོངས་ལྷ་རི་ལྷ་ཡི་ཞིང་།།

ནང་བཅུད་སེམས་ཅན་ཞི་མཐུན་དཔལ་གྱི་ཕྱུག།

ཡར་ཀླུང་གཙང་པོའི་ཆུ་མགོ་སྨྲི་ཏིའི་མཚོ།།

མཛེས་སྡུག་ཡུལ་སྐོར་འབུམ་གྱི་ཡིད་དབང་འཕྲོག།

སྟོད་ན་འབྲོག་ཐང་གནག་ཕྱུགས་རི་ལུང་ཁེངས།།

བར་དུ་རོང་འབྲོག་འབུ་དང་གཡའ་གྲོའི་གནས།།

སྨད་ན་རྒྱ་ཞིང་གཡུ་ལོའི་མགོ་ལྕོག་ལྡེམ།།

ཕུན་ཚོགས་འདོད་འབྱུང་ལྷ་རི་སྐྱིད་པའི་ཞིང་།།

ལྷ་རི་ལྷ་རི་མཛེས།།

ལྷ་རི་ལྷ་རི་སྐྱིད།།

རི་མཐོ་རྫ་རི་གངས་རི་སྤང་རི་མཛེས་ས་དེ།

མཛེས་གསུམ་འཛོམས་པའི་ལྷ་རི་སྐྱིད་པའི་ཞིང་ཁམས་རེད།

ནོར་གྱི་མཆོག་གྱུར་ཉང་གཡག་གཤེད་བཟང་གཅིག།

ཟས་ཀྱི་མཆོག་གྱུར་སྦྲང་དཀར་རྩམ་པ་གཉིས།།

སྐོམ་གྱི་མཆོག་གྱུར་སྙེའུའི་བོད་རག་གསུམ།།

སྲིད་ན་དཀོན་པའི་མཆོག་གསུམ་ལྷ་རིའི་རྒྱན།།

སྔ་མོ་སྔ་མོའི་ཇ་རྟའི་གནའ་ལམ་གཅིག།

ཨ་གཡེར་དར་ཐང་ཅང་ཤེས་རྟ་རྒྱུག་གཉིས།།

གནའ་བོ་བུ་གཡེར་མེར་བཟའི་སྐོར་བྲོ་གསུམ།།

གནའ་ཤུལ་མ་ཉམས་རྒྱུད་འཛིན་ལྷ་རིའི་རྒྱན།།

ལྷ་རི་ལྷ་རི་མཛེས།།

ལྷ་རི་ལྷ་རི་སྐྱིད།།

མཚོ་དང་མཚེའུ་ལྗོངས་རྒྱུའི་སྤྱི་གླིང་མང་ས་དེ།

མཛེས་གསུམ་འཛོམས་པའི་ལྷ་རི་སྐྱིད་པའི་ཞིང་ཁམས་རེད།

ལྷ་རི་ལྷ་རི་མཛེས།།

ལྷ་རི་ལྷ་རི་སྐྱིད།།

མཚོ་དང་མཚེའུ་ལྗོངས་རྒྱུའི་སྤྱི་གླིང་མང་ས་དེ།

མཛེས་གསུམ་འཛོམས་པའི་ལྷ་རི་སྐྱིད་པའི་ཞིང་ཁམས་རེད།

མཛེས་གསུམ་འཛོམས་པའི་ལྷ་རི་སྐྱིད་པའི་ཞིང་ཁམས་རེད།

下载地址:

此为隐藏内容,需人机验证后查看下载!