欧智卓玛-商王诺桑歌曲免费下载

《欧智卓玛-商王诺桑》歌曲详情

ཚོང་དཔོན་ནོར་བུ་བཟང་པོ།

ཚིག དམངས་ཁྲོད།

དབྱངས། དམངས་ཁྲོད།

གཞས་མ། དངོས་གྲུབ་སྒྲོལ་མ།

ཚོང་དཔོན་མ་ཡག་ཚོང་དཔོན་ཡག ། ༼ཡ༽

ཚོང་དཔོན་ནོར་བུ་བཟང་པོ་ཡག ། ༼ཡ༽

རྒྱན་ཆ་ལ་གོས་འགྲིགས།

ཨོ་ལ། རོགས་སེ་མ་རོགས། རོགས་སེ་རོགས།

མགོ་ཞྭ་མ་ཡག་མགོ་ཞྭ་ཡག ། ༼ཡ༽

མགོ་ཞྭ་ཝ་དམར་གྲ་ལོ་ཡག ། ༼ཡ༽

རྩེ་མོ་ལ་རྒྱ་མདུད།

ཨོ་ལ། རོགས་སེ་མ་རོགས། རོགས་སེ་རོགས།

ལུས་གོས་མ་ཡག་ལུས་གོས་ཡག ། ༼ཡ༽

ལུས་གོས་དཀར་འཇམ་ཚ་རུ་ཡག ། ༼ཡ༽

གོང་བ་ལ་དགའ་འཁྱིལ།

ཨོ་ལ། རོགས་སེ་མ་རོགས། རོགས་སེ་རོགས།

སྐེ་རགས་མ་ཡག་སྐེ་རགས་ཡག ། ༼ཡ༽

སྐེད་རགས་འཇའ་ཁྲ་རླབས་ཆེན་ཡག ། ༼ཡ༽

ཁ་ཚར་ལ་སྟོང་སྐུད།

ཨོ་ལ། རོགས་སེ་མ་རོགས། རོགས་སེ་རོགས།

ལྷམ་ཆུང་མ་ཡག་ལྷམ་ཆུང་ཡག ། ༼ཡ༽

ལྷམ་ཆུང་འབུར་ལེན་འཇའ་ཆེན་ཡག ། ༼ཡ༽

ཡུ་བ་ལ་པ་ཏྲ།

ཨོ་ལ། རོགས་སེ་མ་རོགས། རོགས་སེ་རོགས།

རྡོ་ལེན་མ་ཡག་རྡོ་ལེན་ཡག ། ༼ཡ

རྡོ་ལེན་པདྨ་རཱ་ག་ཡག ། ༼ཡ༽

འཆང་བཟུང་ལ་གསེར་ཚག །

ཨོ་ལ། རོགས་སེ་མ་རོགས། རོགས་སེ་རོགས།

下载地址:

此为隐藏内容,需人机验证后查看下载!