编曲 : 比如扎西音乐圈
སྙིང་སྡུག་ཟླ་བ་གཡུ་ཆུང་།
ཚིག བསོད་ནམས་བསྟན་དགའ།
དབྱངས། བློ་གསལ།
ལེན་མཁན། པདྨ་མཚོ།
གནའ་ནས་འདྲིས་པའི་བུ་མོར།།
མ་བསམ་ཐུག་འཕྲད་བྱུང་བའི།།
ཁྱོད་ཞལ་འཛུམ་མདངས་ཡག་པ།།
བདག་སེམས་འཕྲོག་པའི་བུ་མོ།།
འཛུམ་མདངས་བཅོས་མ་མ་སྟོན།།
སྙིང་སྡུག་ཟླ་བ་གཡུ་ཆུང་།།
ལས་དང་ལམ་གྱི་ཆུང་མ།།
བརྩེ་བ་བརྟན་ན་འུ་ཆོག།
གཏན་ཚུགས་ཡོད་ན་སྐྱིད་ཀ།
ཁྱོད་སེམས་འགྱུར་རྒྱུ་མེད་ན།།
ཁྱིམ་འཁོར་བའི་ཡོད་ཚད་ཁྱོའི་ཡིན།།
ཞེ་མཐུན་སྙིང་གི་ཕྱེད་ཀ།
ཆུང་ནས་འདྲིས་པ་ཡིན་པའི།།
ཁྱོད་ཉིད་མིག་ལ་མཛེས་པ།།
ཆུང་ཆུང་བྱིས་པ་ཡིན་དུས།།
སྙིང་གཏམ་བཤད་པ་དྲན་ནམ།།
སྙིང་སྡུག་ཟླ་བ་གཡུ་ཆུང་།།
ལས་དང་ལམ་གྱི་ཆུང་མ།།
འདང་འདི་མ་འགྱུར་འུ་ཆོག།
གཙང་མ་ཡིན་ན་སྐྱིད་ཀ།
ཁྱོད་སེམས་འགྱུར་རྒྱུ་མེད་ན།།
སྐྱིད་མི་ཚེའི་ཡོད་ཚད་ཁྱོད་སྦྱིན།
འདང་བརྩེ་དར་སྐུད་གཙང་མ།།
གསེར་དང་དངུལ་གྱིས་མི་ཁུག།
ལྷད་མེད་བརྩེ་བ་གཙང་མའི།།
སེམས་ན་དུང་བ་ཡོད་ན།།
ཁ་ཁར་བྱེད་དགོས་མི་འདུག།
སྙིང་སྡུག་ཟླ་བ་གཡུ་ཆུང་།།
ལས་དང་ལམ་གྱི་ཆུང་མ།།
ཁ་ཁོག་མ་འགྱུར་འུ་ཆོག།
མཐུན་པོ་བྱུང་ན་སྐྱིད་ཀ།
ཁྱོད་སེམས་འགྱུར་རྒྱུ་མེད་ན།།
ལོ་མི་འགོར་བསུ་ཀི་ང་ཡོང་།།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |