作词 : 色达·泽波
作曲 : 色达·泽波
རྫ་ཆུ་ཁ་བའི་ཆང་གཞས།
ཚིག། གསེར་རྟ་ཚེ་རིང་མགོན་པོ།
དབྱངས།རྫ་ཆུའི་ཚེ་སྟོབས།
ལེན་མཁན།བསོད་ནམས་ཆོས་སྒྲོན།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
དེ་རིང་བཀྲ་ཤིས་པའི་ཉིན་མོ།
གནམ་ལ་སྐར་མ་ཡག
བཀྲ་ཤིས་པའི་གླུ་དབྱངས་ལེན།
བསོད་ནམས་ཆེན་པོ་ལ།
རང་ཡུལ་ཕྱོགས་ལ་གསེར་གྱི་ཉི་མའི་འོད་ཟེར་སྟོང་ལྡན་ཤར་བྱུང་།
དེ་རིང་བཀྲ་ཤིས་པའི་ཉིན་མོ།
ས་ལ་དུས་ཚོད་བཟང་།
ཡུལ་འདི་རུ་ཕེབས་པ་ཡག།
ཅི་འདྲའི་དགའ་བ་ལ།
ཁ་བཏགས་དཀར་པོའི་རྟེན་འབྲེལ་མེ་ཏོག་རང་ཚོའི་སེམས་ལ་བཞད་བྱུང་།,
དེ་རིང་བཀྲ་ཤིས་པའི་ཉིན་མོ།
རྟེན་འབྲེལ་བཟང་བ་ལ།
སྤྲོ་ལྷང་ལྷང་ཞབས་བྲོ་འཁྲབ།
ཅི་འདྲའི་སྐྱིད་པ་ལ།
འདིར་བཞུགས་ཡོངས་ཀྱི་ཉམས་སྤྲོའི་སྣང་བ་རྟག་ཏུ་བརྟན་པར་ཤོག །

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |