康索次-爱恋雪域 桑丁罗布歌曲免费下载

《康索次-爱恋雪域 桑丁罗布》歌曲详情

编曲 : 康索次

བོད་ལ་དུང་བ།

爱恋雪域

ཚིག། པདྨ་བྱང་ཆུབ།

作词:白玛松曲

དབྱངས། ཆོས་དར།

作曲:曲塔

གཞས་པ།བསམ་གཏན་ནོར་བུ།

演唱:桑丁罗布

སྙིན་མོ་ཡི་ངག་གཅིག་མེད་རུང།

བོད་གླུ་ལ་དུང་བ་ཆེ་གི་།

སེམས་སྤྲོ་མོའི་བོད་གླུ་བླངས་ན་།

མཐོ་སྒང་གི་རང་གཤིས་ལོས་ཡིན་།

སེམས་སྤྲོ་མོའི་བོད་གླུ་བླངས་ན་།

མཐོ་སྒང་གི་རང་གཤིས་ལོས་ཡིན་།

བོད་གླུ་ལ་དུང་བ་ཆེ་གི་།

རིན་ཆེན་གྱི་རྒྱན་ཆ་མེད་རུང་།

བོད་གོས་ལ་དུང་བ་ཆེ་གི་།

སེམས་སྤྲོ་མོའི་བོད་ལྭ་གྱོན་ན་།

བོད་རང་གི་ཁྱད་ཆོས་ལོས་ཡིན་།

སེམས་སྤྲོ་མོའི་བོད་ལྭ་གྱོན་ན་།

བོད་རང་གི་ཁྱད་ཆོས་ལོས་ཡིན་།

བོད་གོས་ལ་དུང་བ་ཆེ་གི་།

སྐད་སྣ་ཚོགས་བཤད་གི་མེད་རུང་།

བོད་སྐད་ལ་དུང་བ་ཆེ་གི་།

སེམས་སྤྲོ་མོའི་བོད་སྐད་བཤད་ན་།

བོད་དག་མ་ཡིན་པར་ལོས་ཤེས་།

སེམས་སྤྲོ་མོའི་བོད་སྐད་བཤད་ན་།

བོད་དག་མ་ཡིན་པར་ལོས་ཤེས་།

བོད་སྐད་ལ་དུང་བ་ཆེ་གི་།

下载地址:

此为隐藏内容,需人机验证后查看下载!