作词 : 杂克秀
作曲 : 丹真次仁
བློ་གཅིག་སེམས་གཅིག
ཚིག་རྩོམ་མཁན།རྫ་ཁུ་བྱུག
དབྱངས་རྩོམ་མཁན། རྟ་མགྲིན་ཚེ་རིང་།
གཞས་གཏོང་མཁན།ཀོང་པོ་ཨ་སྐྱིད་
སྒྲ་ལེན་དུང་དཀར་པོ་སྒྱུ་རྩལ་གླིང་།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
རྒྱུ་ནོར་མི་འདུག་མི་འགྲོགས་མ་གསུང་རོགས། །
རྒྱུ་ནོར་མེད་ཀྱང་བརྩེ་བ་འགྱུར་མེད་ཡིན།།
གོ་གནས་མི་འདུག་མ་འགྲོགས་མ་གསུང་རོགས། །
གོ་གནས་མེད་ཀྱང་དུང་བ་ལྷད་མེད་ཡིན། །
བརྩེ་བ་འགྱུར་མེད།དུང་བ་ལྷད་མེད།
རྒྱུ་ནོར་གསེར་དངུལ་མང་ཡང་ཁུག་ཐབས་མེད། །
ཐོབ་དང་གོ་གནས་སྤྲད་ཀྱང་ལོན་ཐབས་མེད། །
སྐྱེ་གཟུགས་མི་འདུག་མི་འགྲོགས་མ་གསུང་རོགས། །
སྐྱེ་གཟུགས་མེད་ཀྱང་ནང་སེམས་བསླུ་མེད་ཡིན། །
རིག་གནས་མི་འདུག་མི་འདྲིས་མ་གསུང་རོགས། །
རིག་གནས་མེད་ཀྱང་བློ་གཅིག་སེམས་གཅིག་ཡིན། །
སེམས་པ་བསླུ་མེད།བློ་གཅིག་སེམས་གཅིག
སྐྱེས་གཟུགས་མཛེས་ཤིང་རིག་གནས་ཡོད་ན་ཡང་། །
བློ་སེམས་སེམས་གཅིག་མིན་ན་ཅི་ཞིག་ཕན།།
སེམས་པ་བསླུ་མེད།བློ་གཅིག་སེམས་གཅིག།
སྐྱེས་གཟུགས་མཛེས་ཤིང་རིག་གནས་ཡོད་ན་ཡང་། །
བློ་སེམས་སེམས་གཅིག་མིན་ན་ཅི་ཞིག་ཕན།
སྐྱེས་གཟུགས་མཛེས་ཤིང་རིག་གནས་ཡོད་ན་ཡང་། །
བློ་སེམས་སེམས་གཅིག་མིན་ན་ཅི་ཞིག་ཕན།
བློ་སེམས་སེམས་གཅིག་མིན་ན་ཅི་ཞིག་ཕན།
སེམས་ཀྱི་བུ་ཆུང་བློ་གཅིག་སེམས་གཅིག་གིས། །
བུ་མོ་ང་དང་མཉམ་དུ་མི་ཚེ་སྐྱེལ །
ང་ཡི་ལུས་སེམས་ཁྱོད་ལ་ཕུལ་ན་ཆོག །
ང་ཡི་ཡོད་ཚད་ཁྱོད་རང་ཡིན་ན་ཆོག །
བརྩེ་བའི་བུ་ཆུང་།སེམས་ཀྱི་དགའ་ལོ།
མི་ཚེ་ཧྲིལ་བོ་མ་རྫོགས་མ་ཚར་བར། །
ཁྱོད་རང་གཅིག་པུ་གཅེས་ནས་བསྡད་ན་ཆོག །
བརྩེ་བའི་བུ་ཆུང་།སེམས་ཀྱི་དགའ་ལོ།
མི་ཚེ་ཧྲིལ་བོ་མ་རྫོགས་མ་ཚར་བར། །
ཁྱོད་རང་གཅིག་པུ་གཅེས་ནས་བསྡད་ན་ཆོག །
ཁྱོད་རང་གཅིག་པུ་གཅེས་ནས་བསྡད་ན་ཆོག །

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |