嘎玛仁青/格桑旺堆-彭康吉祥锅庄歌曲免费下载

《嘎玛仁青/格桑旺堆-彭康吉祥锅庄》歌曲详情

作词 : 牧. 阿帑/羌·白莲花

作曲 : 嘎玛仁青

编曲 : 写爱音乐工作室

༄༅།།བཀྲ་ཤིས་བོང་ཁང་སྒོར་གཞས།

彭康吉祥锅庄

ཚིག།འབྲོག༒ཨ་ནུ།བྱང༒པདྨ་དཀར་པོ།

词:牧. 阿帑/羌·白莲花

དབྱངས།སྐར་མ་རིན་ཆེན།

曲:嘎玛仁青

ལེན་མཁན། སྐར་མ་རིན་ཆེན།སྐལ་བཟང་དབང་འདུལ།

演唱:嘎玛仁青&格桑旺堆

སྤྱིའི་ལྟ་སྐུལ་པ།བླ་མ་ཆོས་དབྱིངས་རྡོ་རྗེ་མཆོག

编导:喇嘛秋音多吉

རོལ་མོ།དགའ་ཕྱོགས་གླུ་དབྱངས་ལས་གྲུབ་ཁང་།

编曲:写爱音乐工作室

སྒྲ་ལེན།ཚེ་རིང་ཕུན་ཚོགས།

录音:次仁平措

སྒྲ་བསྲེལ། ཤེར་བྷ།

混音:谢尔巴

བརྙན་ལེན།འབྲོག༒ཨ་ནུ།

拍摄:牧. 阿帑

བརྙན་རིལ་ལག་རྩལ། བརྡ་ཁྱབ་ཇུས་གོད་། འབྲོག༒ཨ་ནུ།

视频编辑/海报设计:牧. 阿帑

༅།།བཀྲ་ཤིས་སྨོན་ལམ་།།

བླ་རི་གྲུ་བཞི་གཡང་བཞི་འཁོར་ས་ལ།།

བསོད་ནམས་མར་གྱི་རི་བོ་མ་ཞུ་བར།

དཀར་ནག་ར་བ་བཞི་བའི་རྒྱ་མཚོ་ཁྱིལ།།

ཚེ་བསོད་དཔལ་འབར་རྒྱས་པའི་བཀྲ་ཤིས་ཤོག།

~

ཁ་བ་གངས་ཅན་ལྟེ་བའི་གནས་ཡུལ་མཆོག་འདིར།།

ལྷ་དང་བླ་མའི་དབུ་འཕངས་དགུང་དང་མཉམ།།

དཔོན་གྱི་ཚེ་བསོད་ཉི་ཟླའི་འོད་དང་འགྲོགས།།

འཁོར་འབང་ལོངས་སྤྱོད་བུ་ཡུག་ཚུབ་འདྲ་ཤོག།

~

ཕ་དང་ཨ་ཁུ་ཚེ་རིང་ནད་མེད་ཅིང་།།

མངའ་ཐང་གཟི་བརྗིད་སྟོན་གྱི་འབྲས་གསུམ་སྨིན།།

མ་དང་སྲུ་མོའི་འཕྱ་གཡང་རང་འཁོར་ལ།།

དཔལ་འབྱོར་དབྱར་གྱི་ཆར་པ་བབ་འདྲ་ཤོག།

~

སྟགས་ཤར་བུ་ལོར་དཔའ་དང་རྩལ་དྲུག་འཛོམས།།

ཁ་གཡང་ཀླུང་རྟ་གཡུ་འབྲུག་ངར་འདྲ་ཤོག།

སྨན་ཆུང་བུ་མོ་ལས་དང་ལངས་མཚོ་མཛེས།།

དཔྱིད་གསུམ་ཁམས་བུ་མེ་ཏོག་བཞད་འདྲ་ཤོག།

~

ཆུང་ཆུང་བྱིས་པའི་རྣམས་དཔྱོད་ཤེས་རིག་རྒྱས།།

འཇམ་དབྱངས་དཔའ་བོའི་ར་གྲི་འཆར་འདྲ་ཤོག།།

མདོར་ན་བོང་ཁང་མི་ནོར་ཕྱུགས་གསུམ་ལ།།

ལས་དང་ལམ་འགྲོ་བསོད་ནམས་རང་འཁོར་ཤོག།།

~

༅།།བཀྲ་ཤིས་པའི་ཕ་ཡུལ་མ་ཡོ་བོན་ཁང་འབྲོག་སྡེའི་རྒྱན་ཆ།

འཁོར་བའི་ཆོས་ལ་ངེས་འབྱུང་སྐྱེས་ནས།།

ཐར་བའི་ཞིང་ས་བཙན་གྱིས་ཟིན་པས།།

སྦས་པའི་རྣལ་འབྱོར་ལྷུན་ཐབས་མཁས།།

བཀྲ་ཤིས་བོན་ཁང་འབྲོག་སྡེའི་རྒྱན་ཆ།།

~

སྡེ་ཚོ་ཞིག་གི་རེ་བ་ཁུར་ཏེ།

བོང་ཁང་རུ་སྡེ་ཁྲ་མོའི་ཁ་འཛིན།།

སྤྱོད་ཡོན་གཉིས་ལྡན་དམངས་ཀྱི་མགོ་དཔོན།།

གོང་ཆེན་དཔོན་པོ་དབུ་འཕངས་མཐོ་ས།།

~

འཚོ་བྱེད་གཞུང་གི་སྦྲ་ཆེན་སྨན་བརྒྱུད་།

དཔྱོད་ལྡན་མཁས་པའི་ཡིད་དང་མཐུན་ཞིང་།

ཉམ་ཐག་ནད་པའི་ཚེ་སྲོག་སྐྱོབ་མཁན།།

བཀྲ་ཤིས་བོན་ཁང་འབྲོག་སྡེའི་རྒྱན་ཆ།།

~

གངས་དཀར་མ་ཡོ་དགའ་བའི་ཉེ་འདབས།།

རང་བྱུང་རི་ཆུའི་བཀོད་པ་མཛེས་ཞིང་།

མཚན་སྙན་ཁྱབ་པའི་མ་ཡོའི་ཆུ་ཚན།།

བོན་ཁང་འབྲོག་སྡེ་ཁྲོ་མོའི་རྒྱན་ཆ།།

下载地址:

此为隐藏内容,需人机验证后查看下载!