作词 : 赤龙斗
作曲 : 旦曾才让
སེམས་ཀྱི་མི།
心上人
ཚིགཁྲི་ལུང་རྟོགས།
作词:赤龙斗
དབྱངས།བསྟན་འཛིན་ཚེ་རིང་།
作曲:旦曾才让
ལེན་མཁན།ཚེ་བཟང་།
演唱:才桑
དགའ་གི་ངས་ཀྱང་མ་ལབ༎
དུང་གི་ཁྱོས་ཀྱང་མ་གསུང་༎
ཤེས་མེད་ཚོར་མེད་ངང་ནས༎
སེམས་དང་བསམ་པ་འདྲེས་ཚར༎
མིག་ཟུང་གཟི་ཆུང་ཁྲ་མོ༎
མཆུ་སྒྲོས་མེ་ཏོག་པདྨ༎
བུ་མོ་སྟོང་གི་དབུས་ན༎
ཁྱོད་ཉིད་ཐོ་རེངས་སྐར་ཆེན༎
~
ཐུག་དགོས་ངས་ཀྱང་མ་ལབ༎
མཇལ་ཡོང་ཁྱོས་ཀྱང་གསུང་༎
སེམས་དང་བསམ་པ་སྦྲེལ་ནས༎
ངེད་གཉིས་ལྷན་དུ་བསྒྲིལ་ཚར༎
དགོད་མ་འཛུམ་གྱི་གདོང་དེ༎
སྨྲ་བསམ་བརྗོད་ལས་འདས་སོང་༎
ཨ་རག་བདུད་རྩི་ལས་ཀྱང་༎
བཟི་ཁ་བརྒྱ་འགྱུར་ཆེ་སོང་༎
~
དམ་བཅའ་ངས་ཀྱང་མ་བཞག།
མི་འགྱུར་ཁྱོས་ཀྱང་མ་གསུང་༎
ལོ་དང་ཟླ་བའི་བར་ནས༎
བརྩེ་བའི་མདུད་པ་བརྒྱབ་ཚར༎
ངང་རྒྱུད་བལ་ལས་འཇམ་པ༎
ཕྱི་ཐག་ཆུ་ལས་རིང་བ༎
གར་སོང་གར་བསྡད་ས་ནས༎
དྲན་རྒྱུ་ཁྱོད་ལས་མི་འདུག།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |