扎西加措-真爱歌曲免费下载

《扎西加措-真爱》歌曲详情

作曲 : 扎西加措

编曲 : 扎西加措

འཛུམ་མདངས་ལམ་མེ་མགོ་དཀྲིས་གློ་སྐྱ་ཅན་པོ།།

དགོད་སྒྲ་ལྷང་ངེ་རང་གཤིས་ལྷོད་ཤ་ཅན་པོ།།

མིང་ལ་ཅི་ཟེར་སྐྲ་བདག་སྐྱ་ཡ་ཨེ་ཡོད།།

ཚིག་གིས་མི་འགུག་སེམས་ཀྱིས་བཀུག་ན་ཨེ་ཆོག།

~

ཚིག་གསུམ་བཤད་ན་སྙན་ཆ་དུངས་ཤ་ཅན་པོ།།

གོམ་གསུམ་སྤོས་ན་སྒེག་ཉམས་ལྷོད་ཤ་ཅན་པོ།།

བརྒྱ་ཚོགས་ཁྲོད་ནས་བློ་ལ་ལྷང་ངེར་འབབ་པ།།

ཚིག་གིས་མི་འགུག་སེམས་ཀྱིས་བཀུག་ན་ཨེ་ཆོག།

~

ཀུ་རེ་ནང་ན་ཀུ་ཡངས་སེམས་རྒྱ་ཅན་པོ།།

ཁ་མཚར་བར་ན་ཁ་ཚིག་ལྷོད་ཤ་ཅན་པོ།།

འདྲ་འདྲའི་ཁྲོད་ན་མི་འདྲ་ཡིད་འཕྲོག་སྒེག་མོ།།

ཚིག་གིས་མི་འགུག་སེམས་ཀྱིས་བཀུག་ན་ཨེ་ཆོག།

下载地址:

此为隐藏内容,需人机验证后查看下载!