作词 : 杂克秋
作曲 : 民间
དྲིན་ཕ་མ་ཉི་ཟླའི་ཡན་ཞིག་རེད
感恩父母如同日月
ཚིགརྫ་ཁུ་བྱུག
词:杂克秋
དབྱངས། འབྲུག་གཞས།
曲:民间
ལེན་མཁན། བསམ་གཏན་ནོར་བུ།
演唱:桑丁罗布
དྲིན་ཆེན་ཕ་མ་དགུང་གི་ཉི་ཟླའི་ཡན་ཞིག་རེད། །
དྲིན་ཆེན་ཕ་མ་བྱང་ཆུབ་སེམས་དཔའ་དངོས་ཤིག་རེེད། །
དྲིན་ཆེན་ཕ་མ་སྐྱིད་སྡུག་འཚོ་བའི་རྒྱབ་རི་རེད། །
དྲིན་ཆེན་ཕ་མ་མི་ཚེའི་ལམ་སྟོན་སྒྲོན་མེ་རེད། །
དྲིན་ཕ་མ་གཉིས་ཀྱི་བཀའ་དྲིན་དེ། །
དུས་ནམ་ཡང་སེམས་ནས་བརྗེད་མེད་ཡིན། །༼ཡ༽
ལས་ཞབས་ཕྱི་ཡག་པོ་མ་ཐུབ་རུང་། །
ཚིག་རྩུབ་མོས་སེམས་པ་གསོད་ལེ་མིན།། ༼ཡ༽
དྲིན་ཕ་མ་ཡན་གི་རྩ་ཆེན་ཞིག །
བུ་ང་ལ་གཏན་ནས་ཡོད་ལེ་མིན། །༼ཡ༽
ངའི་སེམས་ཀྱི་ཕ་ལོ།
ངའི་སྙིང་གི་མ་ལོ།
ངའི་བརྩེ་བའི་ཕ་མ།
དྲིན་ཆེན་ཕ་མའི་བཀའ་དྲིན་རི་ལས་མཐོ་བ་ཡིན། །
དྲིན་ཆེན་ཕ་མའི་བརྩེ་བ་མཚོ་ལས་ཟབ་པ་ཡིན། །
~
དྲིན་ཆེན་ཕ་མ་བྱམས་དང་སྙིང་རྗེའི་བདག་པོ་ཡིན། །
དྲིན་ཆེན་ཕ་མ་ནུས་ཆུང་བུ་ཡི་མགོན་སྐྱབས་ཡིན། །
དྲིན་ཆེན་ཕ་མ་སེམས་ཀྱི་དཀའ་སྡུག་འབྱིན་ས་ཡིན། །
དྲིན་ཆེན་ཕ་མ་མི་ཚེའི་ཡོད་ཚད་བཅོལ་ས་ཡིན། །

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |