作曲 : 谢旦
རྒོད་པོའི་གཤོག་འགྱུར།
མགོ་ལོག་རྐང་རྩེད་སྤོ་ལོའི་བརྗོད་དོན་གླུ་དབྱངས།
ཚིག སྟག་ལྷ་རྒྱལ།
དབྱངས། ཤེར་བསྟན། ལུང་རྟོགས།
ལེན་མཁན། ཤེར་བསྟན། ལུང་རྟོགས། ལྷ་མོ་སྐྱབས།
ཡིད་ཆེས་ཡོད། ཡིད་ཆེས་ཡོད།
ང་ནི་ཐང་དཀར་རྒོད་པོའི་བུ།
ང་ཡི་གཤོག་ཟུང་གཅིག་རྡེབ་གཉིས་རྡེབ་གསུམ་རྡེབ་ནམ་འཕང་གཅོད།
ང་ནི་ཁྱུང་གི་ཚ་བོ་ཡིན།
རྒྱང་རིང་ལ། ནམ་འཕང་བསྟད་ནས་རྒྱང་ལ་འཕུར།
གཤོག་པ་བརྐྱངས་ནས་རྒྱང་ལ་འཕུར།
སྤྲིན་དཀར་པོ་ཤུགས་ཀྱིས་གཏོར།
གངས་དཀར་པོའི་རྩེ་ལ་སྙེག
ཕྱིའི་རྒྱ་མཚོའི་ཕ་མཐའ་ཉུལ།
གངས་རིའི་རྩེ་ནས་ཡིད་ཆེས་ཡོད།
རྒྱ་མཚོའི་མཐའ་ནས་ཡིད་ཆེས་ཡོད།
དུས་ནམ་ཡང་ཡིད་ཆེས་ཡོད།
ཨོ་་་་་ ཡིད་ཆེས་ཡོད།
ཨོ་་་་་ ཡིད་ཆེས་ཡོད།
ང་ནི་ཁ་དཀར་རྐྱང་གི་བུ།
ང་ཡི་གོམ་ལག་གཅིག་ལྡིང་གཉིས་ལྡིང་གསུམ་ལྡིང་བྱང་ལམ་གཅོད།
གྱི་ལིང་འདོ་བའི་ཚ་བོ་ཡིན།
རྒྱང་རིང་ལ། བྱང་ལམ་བཅད་ནས་རྒྱང་ལ་བཞུད།
གོམ་ལག་གཤིབས་ནས་སྐོར་གསུམ་རྒྱག
རི་ལ་ལུང་རྩལ་གྱིས་གཤེགས།
ཐང་ཆེན་པོ་ངར་གྱིས་བརྐྱངས།
ཕྱིའི་རྒྱལ་ཁམས་བསྐོར་ནས་འགྲོ
གངས་རིའི་རྩེ་ནས་ཡིད་ཆེས་ཡོད།
རྒྱ་མཚོའི་མཐའ་ནས་ཡིད་ཆེས་ཡོད།
དུས་ནམ་ཡང་ཡིད་ཆེས་ཡོད།
ཨོ་་་་་ ཡིད་ཆེས་ཡོད།
ཨོ་་་་་ ཡིད་ཆེས་ཡོད།
ང་ནི་ཐང་དཀར་རྒོད་ཡིན། ང་ནི་ཁ་དཀར་རྐྱང་།
རི་རབ་རྩེ་ལ་འཕུར་ནས། ས་ཆེན་པོའི་བྱང་ལམ་གཅོད།
ང་ནི་ཐང་དཀར་རྒོད་ཡིན། ང་ནི་ཁ་དཀར་རྐྱང་།
རི་རབ་རྩེ་ལ་འཕུར་ནས། ས་ཆེན་པོའི་བྱང་ལམ་གཅོད།
རྟ་འདོ་བའི་གོམ་པ་བྱ། སྐྱི་བསེར་རླུང་ལ་འགྲན་ཡོད།
ཡིད་ཆེས་ཡོད།
ཡིད་ཆེས་ཡོད།
ཡིག་བསྒྱུར།གཡུ་སྔོན་བཀྲ་ཡེ།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |