编曲 : 扎西才仁
ཕ་ཡུལ་ལ་དུངས་བའི་གླུ་སྐད།
དབྱངས་་རྨ་ཆུའི་མགོན་པོ་བཀྲ་ཤིས་།
གཞས་ཚིག་་རྨི་ལམ་དམར་པོ།
གཞས་པ་་བཀྲ་ཤིས་ཚེ་རིང་།
སྒ་ཇོ་བོ་ཕ་མེས་ལས་ལྷ་རེད།།
བུ་དགྲ་ལྷ་ཅན་པོའི་བླ་རི་ཡིན།།
སེམས་དད་པའི་ལས་ཀྱི་ལྷ་བསྐལ་རེད།།
བསང་རླུང་རྟས་ངོ་སོ་ཡར་ལ་བསྟོད།།
ས་ཡུལ་གཙང་གསེར་གཞོང་མར་ཁུ་འདྲ།།
སྡེ་རྨ་ཕྱུག་མཚོ་མོ་རང་འཁྱིལ་་རེད།།
རྟ་ནོར་ལུག་མཚོ་ཁའི་མེ་ཏོག་འདྲ།།
སྡེ་གན་ཚོ་ངོ་སོ་ཡར་ལ་བསྟོད།།
རུ་སྡེ་བ་སྤང་རྒྱན་མེ་ཏོག་འདྲ།།
གནས་དྭངས་གཙང་ལྷ་ཡི་ཞིང་ཁམས་རེད།།
ནང་ཕུ་ནུ་ཁ་སེམས་མཉམ་མཐུན་ཡིན།།
སྡེ་གན་ཚོ་ངོ་སོ་ཡར་ལ་བསྟོད།།
ནང་མཐུན་སྒྲིལ་བརྟན་ན་མཐུན་པ་རེད།།
སེམས་སྐྱིད་རེས་སྡུག་རེས་ཆོས་ཉིད་རེད།།
རུ་སྡེ་བ་མཐུན་ན་སྐྱིད་གཅིག་རེད།།
སྐྱིད་ཡུན་དུ་བརྟན་པའི་བཀྲ་རེ་ཤིས།།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |