གནམ་ལྕག་འབར་བའི་རྩེ་ལ་
དཀར་གསལ་ཟླ་བ་ཤར་བྱུང་
བུ་མོ་བདེ་སྐྱིད་མེ་ཏོག་
ཟླ་འོད་འོག་ནས་མཇལ་བྱུང་
ཉང་ཆུ་གཙང་པོའི་རྒྱུད་ལ་
ཁམ་བུ་མེ་ཏོག་ཤར་བྱུང་
གཞོན་པ་མི་འགྱུར་རྡོ་རྗེ་
ཆུ་མོའི་འགྲམ་ནས་མཇལ་བྱུང་
ཆུང་འདྲིས་བྱམས་པའི་བརྩེ་དུང་
གངས་རི་ལས་ཀྱང་དཀར་བ་
ཆུང་འདྲིས་བྱམས་པའི་བརྩེ་དུང་
ཆུ་མོ་ལས་ཀྱང་རིང་བ།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |