བརྩེ་བའི་སྲུང་མདུད།
ཚིག ས་ཡི་ཟླ་བ།
དབྱངས། མགར་རྡོ་རྗེ་གྲགས་པ།
གཞས་པ། ལེགས་མཆོག
ལས་ཀྱི་མི་ཚེའི་ལམ་ནས་འཕྲད་པའི།།
སྙིང་མཐུན་བུ་མོ་ཁ་ཡག་སེམས་ཡག།
ལྷད་མེད་བརྩེ་བའི་ཡིད་ཆེས་བརྟན་པོ།།
འདང་གི་བུ་ཆུང་ང་ལ་གནང་དང་།།
བརྩེ་བའི་འཇིག་རྟེན་འདི་ནས།།
མཐུན་པའི་ལམ་ཁ་རིང་ན་།།
ལྷད་མེད་ཡིད་ཆེས་གཙང་མ་།།
མ་བཅོས་ཁྱེད་ལ་བྱེད་ཆོག།།
ལོ་ཆུང་གཞོན་པའི་སྣང་བ་ཁུར་བའི།།
ད་འདྲིས་བུ་མོ་ཨ་གསར་མིན་ན།།
མ་ཤི་གསོན་བྲལ་མེད་པའི་དམ་བཅའ།།
ཡིད་ཀྱི་སྟེང་ནས་ཁྱོད་ལ་ཕུལ་ཆོག།
དུང་སེམས་གསེར་དངུལ་ཕྲེང་བ།།
ཁྱོད་ཀྱི་སྐེ་ལ་འདོགས་ཏེ།།
སངས་རྒྱས་བརྟན་པའི་མདུན་དུ་།།
དམ་བཅའ་བརྟན་པོ་བཞག་ཆོག།།
སྐྱིད་སྡུག་རྟ་ཕོ་མཉམ་ཏུ་བཞོན་ནས།།
མི་ཚེའི་ལ་མོ་མཉམ་ཏུ་བརྒལ་ཏེ།།
འཁོར་བ་སྡུག་གི་མཚོ་ཆེན་གཞིས་ནས།།
སྐྱིད་པའི་གླུ་ཆུང་མཉམ་དུ་ལེན་འགྲོ།
ལྷ་ཡི་བཀའ་ཡིག་གཅིག་པའི།།
སེམས་མཐུན་སྙིང་གི་རོགས་ལོ།།
མི་འགྱུར་བརྟན་པོར་བཞུགས་ན།།
མི་ཚེ་མཉམ་དུ་བསྐྱོད་ཆོག།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |